ཐ་མ་ནག་པོ་སྔོན་འགོག།
ཉལ་ཐའི་གཙོས་བཟི་སྨན་རིགས་ཀྱི་ཉེས་སྐྱོན་ངོ་སྤྲོད་དང་གོ་རྟོགས་སྤེལ་བའི་བྱ་འགུལ་ཞིག་སྤེལ་ཡོད་པ་དང་། བྱ་འགུལ་དེར་ཆེད་དུ་བལ་ཡུལ་ནང་གི་སྨྱོ་རྫས་སྔོན་འགོག་ལས་འགུལ་སྤེལ་མཁན་ཚོགས་པ་སྐད་གྲགས་ཅན་ནེ་ཀོ་ནེ་པ་ལི་ཞེས་པའི་འགན་འཛིན་དང་ཚོགས་མི་ད་དུང་སྔོན་མ་ཐ་མ་ནག་པོ་ལོངས་སྤྱོད་བྱས་པ་ལ་བརྟེན། དཀའ་ངལ་འདྲ་མིན་འཕྲད་མྱོང་མཁན་དང་ད་ཆ་ཡོངས་སུ་སྤངས་ནས་ཚོགས་པ་དེར་མཉམ་ཞུགས་ཕྱག་ལས་གནང་མཁན་མི་སྣ་ཚོས་དངོས་མྱོང་གནས་ཚུལ་ངོ་སྤྲོད་བྱེད་པ་སོགས་བྱས་པར་མཉམ་ཞུགས་བྱེད་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད།།
འདི་གའི་གསར་འགོད་པས་ས་གནས་ནས།