རྒྱལ་སྤྱིའི་ལོ་གསར་སྐབས་དྲག་སྤྱོད་པས་གཏོར་རྒོལ།

egept attaked near the churchཟླ་འདིའི་ཚེས་༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཤར་དཀྱིལ་མའི་ཁོངས་སུ་གཏོགས་པའི་ཨི་རྗེབ་རྒྱལ་ཁབ་ནི། གནའ་བོའི་སྣང་བརྙན་གྱི་བང་སོའི་འབྱུང་ཁུངས་དང་གདོད་མའི་ཆོས་ལུགས་ཀྱི་ལྷ་ཁང་མང་བ། སྲོལ་རྒྱུན་གྱི་རིག་གནས་སྣ་འཛོམས་དང་གཏེར་གྱིས་ཕྱུག་པའི་ལུང་པ་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང། དེའི་ནང་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་པ་མང་བས་དུས་དུས་སུ་ཆོས་ལུགས་འཐབ་འཁྲུག་ཀྱང་བྱུང་མྱོང་ཡོད་པ་རེད། ཉེ་དུས་༢༠༡༡ ལོའི་རྒྱལ་སྤྱིའི་ལོ་གསར་བསུ་བ་བྱས་ནས། མི་རྣམས་ཡེ་ཤུའི་ལྷ་ཁང་ནང་གསོལ་བ་སྨོན་ལམ་གྱི་འདུ་ཚོགས་སྐབས། གློ་བུར་དུ་ཕྱོགས་གང་ནས་ཡོང་མིན་མི་ཤེས་པའི་སྣུམ་འཁོར་ཞིག་ནས་འབར་རྫས་གས་འཐོར་བྱུང་ནས། ཡེ་ཤུའི་ཆོས་བྱེད་དགེ་འདུན་པ་གཙོས་མི་གྲངས་༢༡ རྐྱེན་ལམ་དུ་བཏང་ཡོད་པ་རེད།

འབར་རྫས་གས་འཐོར་བྱུང་བའི་ཕྱི་ཉིན་ལུང་པ་དེའི་མི་མང་སྟོང་ཕྲག་མང་པོས། དབུ་གཞུང་གིས་ཡེ་ཤུའི་ལྷ་ཁང་དང་ཆོས་བྱེད་དགེ་འདུན་པ་ཚོ་སྲུང་སྐྱོབ་འཐུས་ཚང་བྱེད་ཀྱི་མེད་པའི་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་དང། སྐབས་དེར་སྐོར་སྲུང་བ་དང་མི་མང་དབར་འཁྲུག་འཛིང་བྱུང་ནས་སྐོར་སྲུང་བ་༤༥ རྨས་སྐྱོན་ཕོག་ཡོད་པ་རེད། སྤྱིར་ལུང་པ་དེའི་ནང་མི་འབོར་ས་ཡ་༨༠ ཡོད་པ་དང་ཡེ་ཤུའི་ཆོས་བྱེད་མཁན་བརྒྱ་ཆ་༡༠ ཙམ་ལས་ཟིན་གྱི་མེད་པས། ཆོས་ལུགས་འཐེན་འཁྱེར་གྱི་འོག་ནས་དྲག་གནོན་བྱས་པའི་བསམ་ཚུལ་འཛིན་མཁན་ཡང་བྱུང་ཡོད་པ་རེད།

དེ་དང་བསྟུན་ནས་ལུང་པ་དེའི་ནང་ཁ་ཆེའི་ཆོས་ལུགས་ཀྱི་དབུ་འཛིན་དང་གཞུང་གི་མི་སྣ། ཡེ་ཤུའི་ཆོས་ལུགས་ཀྱི་དབུ་འཛིན་སོགས་ཆེད་མངགས་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད་པ་རེད། འཇིགས་སྐུལ་རིང་ལུགས་པའི་དྲག་གནོན་བྱུང་མ་ཐག ཨི་རྗིབ་བདེ་སྲུང་ལས་ཁུངས་ཀྱིས་བཀའ་ཁྱབ་བཀྲམས་ཡོད་པའི་ནང། མི་མང་གི་བདེ་འཇགས་ལ་གནོད་པའི་དྲག་སྤྱོད་པ་དེ་དག་འཚོལ་ཞིབ་ཀྱིས་གང་མགྱོགས་འཛིན་བཟུང་བྱེད་དགོས་པ་དང། ཁྲིམས་བཤེར་ནན་པོ་བྱས་ནས་འབྱུང་འགྱུར་དེ་ལྟར་མི་ཡོང་བའི་འགན་སྲུང་བྱེད་དགོས་པའི་སྐུལ་མ་བྱས་ཡོད་པ་རེད།།

{jcomments on}