སྦེལ་ལྗམ་དུ་ཡུ་རོབ་སྤྱི་འཐུས་འོས་མིའི་བགྲོ་གླེང་།
སི་པེན་ནས་ཐུབ་བསྟན་དབང་ཆེན་ལགས། ཧྥ་རན་སི་ནས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ཡུ་རོབ་སྤྱི་འཐུས་འོས་མི་དྲུག་མཉམ་ཞུགས་བྱས་འདུག ཡུ་རོབ་སྤྱི་འཐུས་འོས་མི་དྲུག་པོས་སྐར་མ་ལྔའི་རིང་ལ་སོ་སོའི་ལོ་རྒྱུས་ངོ་སྤྲོད་བྱས་རྗེས། སྦེལ་ལྗམ་བོད་རིགས་ཚོགས་པའི་དྲི་བ་དྲུག་ལ་དྲིས་ལན་དང་འབྲེལ་ས་གནས་བོད་རིགས་མི་མང་དང་མཉམ་དུ་དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་ལྷུག་པོ་གནང་སོང་། ཐེངས་འདིར། གོང་ས་མཆོག་གི་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་གསུང་པའི་ཐད་སྤྱི་འཐུས་འོས་མི་རྣམས་ཀྱིས་དགོངས་ཚུལ་གང་ཡོད་བཏོན་པ་མ་ཟད། བཙན་བྱོལ་བོད་གཞུང་གིས་བོད་ཀྱི་རྩ་དོན་ཐོག་འཛིན་པའི་སྲིད་ཇུས་ལ་སོ་སོའི་བསམ་ཚུལ་བཤད་རེས་དང༌། ཡུ་རོབ་མཉམ་འབྲེལ་གཙོས་ཡུ་རོབ་ཡུལ་གྲུ་ཁག་ཏུ་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཡར་རྒྱས་གཏོང་ཕྱོགས། ཡུ་རོབ་བོད་རིགས་མི་མང་གི་སྒྲིག་འཛུགས་སྲ་བརྟན་དང༌།ལས་དོན་ཡར་རྒྱས་གཏོང་ཕྱོགས་སོགས་ལ་འགན་ཇི་ལྟར་འཁྱེར་མིན་སོགས་སྐུ་སྒེར་དང་འབྲེལ་བ་དང༌། བོད་ཀྱི་ཆབ་སྲིད་དང་འབྲེལ་བ། མང་གཙོ་དང་འབྲེལ་བ། ས་གནས་མི་མང་དང་འབྲེལ་བ་སོགས་ཀྱི་ཐད་སྐབས་སྔ་མའི་ཡུ་རོབ་སྤྱི་འཐུས་ལས་ལྷག་པའི་ལས་འགན་ཁྱེར་སྟངས་ལ་དྲི་བ་དྲིས་ལན་གྱི་ཐོག་ནས་བགྲོ་གླེང་ལྷུག་པོ་གནང་སོང༌།
བགྲོ་གླེང་འདིར་ས་གནས་མི་མང་བརྒྱ་ལྷག་མཉམ་ཞུགས་གནང་ཐོག ཉིན་རྒྱབ་ཆུ་ཚོད་དང་པོ་ནས་ལྔ་བ་བར་དྲི་བ་དྲིས་ལན་བྱས་སོང༌།།
གནས་ཚུལ་མཁོ་གཏོང་བ་ཨ་འཇིགས།
{jcomments on}