རྩོམ་པ་པོ་བསྟན་པ་བློ་གྲོས་ལྷ་ས་ནས་འཇུས་ཡོད་པ་རེད།

གོང་ཚེས་ཉིན་བསྟན་པ་བློ་གྲོས་དང་ཁོང་གི་ཕ་ཡུལ་གཅིག་པའི་རོགས་པ་ཕོ་སར་ཞིག་དང་ལྷན་ལྷ་སར་སྲང་ལམ་དུ་འགྲོ་བཞིན་པའི་སྐབས་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་ཁྱོད་བསྟན་པ་བློ་གྲོས་ཡིན་ནམ་ཟེར་ཏེ་མཉམ་དུ་འཛིན་བཟུང་བྱས་པ་དང། རོགས་པ་དེ་ཕྱི་དྲོ་གློད་ཟིན་ཡོད་འདུག བསྟན་པ་བློ་གྲོས་ལྷ་སའི་བཙོན་ཁང་ཆེ་བ་ཞིག་ནང་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་འདུག་པ་མ་ཟད། ཁོང་གི་ཁྱིམ་ནས་ཁོང་གིས་རྒྱུན་དུ་བལྟ་ཀློག་བྱེད་པའི་དཔེ་ཆ་ཁག་དང། རྩིས་འཕྲུལ། ཡིག་པར་བཅས་ཕྲོགས་ཡོད་འདུག

tenpalodoe123བསྟན་པ་བློ་གྲོས་ནི། མདོ་ཁམས་དཔལ་འབར་རྫོང་ནས་ཡིན་པ་དང་། སྔ་ཕྱིར་དཔལ་ཡུལ་སྔ་འགྱུར་གདན་ས་ཆེན་པོ་མ་དགོན་ནས་སློབ་མཐར་ཕྱིན་པ་དང་། 《མདུན་བསྐྱོད་》ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ། ད་དུང་དཔལ་འབར་སློབ་སྐུལ་ཚོགས་པའི་གཙོ་གྲས། ཁམས་ཁུལ་གྲྭ་བ་ཁ་ཤས་མཉམ་རུབ་ཀྱི་གངས་རིའི་གནས་བབ་ཚོགས་པ་གསར་འཛུགས། སྒོ་ཡོན་སོགས་དང་འགྲོགས་ནས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༢༤ ཉིན་ཁྲིན་ཏུར་(རྩོམ་རིག་གི་བདག་དབང་འཚོལ་བ་)ཞེས་པའི་བགྲོ་གླེང་ཚོགས་ཐེངས་གཉིས་པ་སོགས་སྔ་ཕྱིར་བགྲོ་གླེང་ཚོགས་འདུ་མང་པོ་གོ་སྒྲིག་བྱེད་མྱོང་བ་དང། ཕྱི་ལོ་༢༠༡༠ ཟླ་༡༢ ཚེས་༢༠ ཉིན་དཔལ་ཡུལ་རྫོང་བཀྲ་ཤིས་བདེ་ལེགས་ཟ་ཁང་དུ་(གངས་རིའི་གནས་བབ་གླེང་བ་) ཞེས་པའི་བགྲོ་གླེང་ཚོགས་སྐོར་ཡང་ཁོང་གིས་བོད་ཕྱི་ནང་གང་སར་ཁྱབ་བསྒྲགས་གནང་ཡོད།

སྒེར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་《ང་མི་ཡུལ་འགྲོ་དུས་》 ཞེས་པ་དང། ༢༠༠༩ ལོར་《གཟན་འོག་གི་ཕྱི་མིག་》 ཅེས་པའི་དེབ་གཉིས་བཏོན་ཡོད། དམིགས་བསལ་དྲ་ཚིགས་དག་ན་རྩོམ་ཡིག་རྣོ་ངར་ཅན་མང་པོ་ཞིག་སྤེལ་མྱོང་ཡོད་ཅིང། ཉེ་ཆར་ནས་འབྲེལ་ཡོད་ལ་ཁ་པར་བརྒྱུད་དེང་སང་རྒྱ་མིས་ཁོང་ལ་སོ་ལྟ་བྱེད་བཞིན་ཡོད་པའི་སྐོར་བཤད་མཁན་བྱུང་ཡོད་འདུག །

དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་ལས་བཤུས།

{jcomments on}