ཨོ་སི་ཁྲུ་ལི་ཡར་ཆུ་ལོག་གནོད་འཚེ་ལ་འཚམ་འཕྲིན་གནང་བ།

འཚམ་འཕྲིན་ནང་དུ་འཁོད་དོན། སྐུ་ཉིད་ཀྱི་མངའ་སྡེའི་ས་ཁུལ་ནང་ལོ་མང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་སྟེ། ཆུ་ལོག་གི་གནོད་སྐྱོན་དེའི་ཁྲོད་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་དང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཡིད་སྐྱོའི་གནས་ཚུལ་དེ་དག་ལ་ང་རང་བློ་ཕམ་བྱུང། འོན་ཀྱང་ཨོ་སི་ཁྲུ་ལི་ཡ་གཞུང་གིས་ཆུ་ལོག་གི་གནོད་འཚེའི་བྱུང་བ་དེར་གདོང་ལེན་དང་རོགས་སྐྱོབ་གནང་རྒྱུའི་གྲ་སྒྲིག་ལ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ཆུ་ལོག་སྐབས་ཡུལ་མིར་སྲོག་སྐྱོན་མི་ཡོང་བ་དང། ཁང་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་གང་མགྱོགས་བསྐྱར་གསོ་ཡོང་བ་དང། ཆུ་ལོག་གི་གནོད་འཚེ་གང་མགྱོགས་ཞི་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་འཁོད་ཡོད་པརེད།

ད་ལྟའི་ཆར་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཁག་འགའི་ནང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་རུ་འགྲོ་བ་དང། ཡུལ་མིའི་ཁྱིམ་ཚང་ཆུས་བསྣུབས་ཡོད་པ་མ་ཟད། ཉུང་མཐར་མི་༨ ཙམ་ཤི་སྐྱོན་དང་གཞན་མི་གྲངས་༧༠ ཙམ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཐོན་ཡོད་པ་རེད།།