བོད་མི་བྲོས་བྱོལ་བ་འཛིན་བཟུང་དང་ཁྲིམས་ཆད།
རྒྱ་ནག་གི་མཐའ་སྲུང་བདེ་འཇགས་ཉེན་རྟོག་པས་འཛིན་བཟུང་བྱས་བའི་བོད་མི་བྲོས་བྱོལ་བ་མི་གྲངས་བཞི་བོ་དེ་དག་༢༠༡༠ ལོའི་ཟླ་ ༡༢ བའི་ཚེས་༢༢ ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནས་ཁ་བྲལ་བའི་རྗེས་འབྲངས་པ་དང་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་རྩིས་བྱས་བའི་ཉེས་མིང་འོག་ཕ་ཡུལ་སྙེ་མོ་ནས་ཡིན་པའི་རང་ལོ་ཉེར་གསུམ་ཅན་གྱི་ཚེ་དབང་དང་། འདམ་གཞུང་ནས་ཡིན་པའི་བློ་བཟང་དོན་རྡོར་གཉིས་ལ་མི་ལོ་གཉིས་རེ་དང་། འདམ་གཞུང་ནས་ཡིན་པའི་རང་ལོ་བཞི་ཅུ་བརྒལ་བའི་དབང་གྲགས་ཉི་མ་ལ་མི་ལོ་གསུམ། ལྷ་སའི་ཉག་ར་ནས་ཡིན་པའི་དོན་གྲུབ་རྡོ་རྗེ་ལ་མི་ལོ་བཞི་བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག།
བོད་མི་ཁོང་ཚོ་ཉེ་བའི་ལོ་སྔོན་མའི་སྤྱི་ཟླ་བརྒྱད་པར་བོད་ནས་བོད་ཀྱི་གཞི་རྩེ་ས་ཁུལ་ས་དགའ་རྫོང་ཁོངས་ནས་ས་གནས་རྒྱ་ནག་གི་མཐའ་སྲུང་བདེ་འཇགས་ཉེན་རྟོག་པས་འཛིན་བཟུང་བྱས་བ་ཡིན་འདུག།