༧གོང་ས་མཆོག་གིས་གསུང་ཆོས་དང་དགེ་ལུགས་སྨོན་ལམ།

warna_hhགསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་སྦྱིན་པ་ལགས་ཀྱི་གསུང་དོན། འདིར་གསུང་ཆོས་ཞུ་མཁན་གྱི་དགེ་འདུན་པ་དང་སེར་སྐྱ་མིང་མང་རྣམས་བསོད་ནམས་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། གནས་ཁྱད་པར་ཅན་དང༌། བླ་མ་ཁྱད་པར་ཅན། དེའི་གསུང་ཁྱད་པར་ཅན། ཆོས་ཁྱད་པར་ཅན་བཅས་ཡིན་པས་ཧ་ཅང་བསྐལ་བ་བཟང་པོ་རེད་ཅེས་དང་། དེ་དང་ཆབས་ཅིག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཚེ་འདི་ཕྱི་གཉིས་ཀྱི་བླ་མ་དང༌། བོད་མི་ས་ཡ་དྲུག་གི་དབུ་ཁྲིད་ཡིན་པ་མ་ཟད། འཛམ་གླིང་ཞི་བདེའི་དབུ་ཁྲིད་བླ་ན་མ་མཆིས་པ་ཞིག་ཡིན་པ་རེད། warna_hh_3དེ་ལྟར་རྙེད་དཀའ་བའི་དབུ་ཁྲིད་བཟང་པོ་ཞིག་ང་ཚོར་བོད་པ་རྣམས་ལ་ཐོབ་ཡོད་པར་བརྟེན། དེ་ལ་གསེར་དང་དངུལ་གྱི་འབུལ་བ་ཕུལ་ཐུབ་པ་ཅི་ཡང་མེད་པ་རེད། ཡིན་ནའང༌། བཀའ་དྲིན་དྲན་གསོའི་ཆེད་དུ་གཞིས་བྱེས་དགེ་ལུགས་སྤྱིའི་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་ཐུགས་གཏན་ཁེལ་ཡོད་སྐོར་འགྲེལ་བརྗོད་གནས་སོང།

བརྟན་བཞུགས་སྔོན་འགྲོའི་ཆེད་སྨོན་ལམ་དང་གསུང་ཆོས་ནང་ཞུགས་མཁན་དགའ་ལྡན་ཁྲི་རིན་པོ་ཆེས་གཙོས་པའི་ཤར་བྱང་ཆོས་རྗེ་དང༌། གླིང་རིན་པོ་ཆེ། གདན་ས་དང་གྲྭ་ས་ཁག་གི་མཁན་ལས་ཟུར་ཚང་མ་ཚེ་བསྒྲུབ་གནང་མཁན་བླ་སྤྲུལ་དང་དགེ་བཤེས་ ༡༢༠ ལྷག་ཙམ་དང་འཇིགས་བྱེད་སྙིང་ཐིག་ཡོད་མཁན་ྋགོང་ས་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་པའི་རྒྱུད་གྲྭ་སྟོད་སྨད་དང་གདན་ས་གསུམ་བཅས་ནས་དབང་འདུས་ཀྱི་འཁོར་ལོ་ཞོགས་པ་ཆུ་ཚོད་༦ ནས་ ཕྱི་དྲོ་ཆུ་ཚོད་ ༡༢དང༌། ཉིན་བརྒྱབ་ཆུ་ཚོད་ ༢ ནས་དགོང་དྲོ་ཆུ་ཚོད་༦ བར་དུ་བསྒྲུབ་ཀྱི་ཡོད་པ་རེད་འདུག
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་འདིའི་ཚེས་ ༡༢ ནས་གསུང་ཆོས་འགོ་འཛུགས་གནང་བ་དང༌། ཐོག་མར་༧གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་དང༌། སྤྱོད་འཇུག་གི་སྙིང་དོན་གང་ཡིན་པ་དེ་ངོ་སྤྲོད་མདོར་བསྡུས་གནང་དོན། “བྱང་ཆུབ་ཀྱི་སེམས་ཟེར་བ་དེ་བསམ་པ་བཟང་པོའི་བློ་སྦྱང་རྒྱུ་ཞིག་ཡིན་པས། ཆོས་ཁས་ལེན་མཁན་ཡིན་མིན་གང་ཡིན་རུང་སེམས་བཟང་པོ་བྱས་ན་ཚང་མ་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང༌། རྒྱལ་ཁབ་ཀྱི་འགོ་ཁྲིད་ཅིག་ཡིན་ན། དེ་ལ་སེམས་པ་བཟང་པོའི་བློ་ཡོད་ན་ཚང་མ་བདེ་ཞིང་སྐྱིད་པ་དང༌། ཡིད་ཆེས་བློ་འགེལ་བྱ་ཆོག་གི་རེད། སེམས་རྒྱུད་འདུལ་མེད་མཁན་ཞིག་ཡིན་ན་ཤེས་བྱ་ཡོན་ཏན་ཆེན་པོ་དང༌། རྒྱུ་ནོར་ཆེན་པོ། དབང་ཐང་ཆེན་པོ་ཞིག་ཡོད་ན་ཡང་དེ་ལ་ཞེད་སྣང་སྐྱེ་རྒྱུ་མ་གཏོགས་མི་ཚང་མ་དགའ་སྣང་སྐྱེ་ཐུབ་པ་ཞིག་ཡོང་མི་ཐུབ། དེར་བརྟེན་སེམས་པ་བཟང་པོ་ཟེར་བ་དེ་ནི་བདེ་སྐྱིད་ཀྱི་རྩ་བ་ཞིག་ཆགས་བསྡད་ཡོད་པ་རེད་”ཅེས་ྋགོང་ས་མཆོག་གིས་སྤྱོད་འཇུག་གི་སྙིང་དོན་རྒྱས་པ་ཞིག་གསུངས་ནས་དངོས་སུ་གསུང་ཆོས་དབུ་འཛུགས་གནང་སོང༌།

སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡།༣༠ བར་དང༌། ཉིན་རྒྱབ་ཆུ་ཚོད་ ༡ ནས་༣།༣༠ བར་ཉིན་རེར་ཆུ་ཚོད་བདུན་གྱི་རིང་གསུང་ཆོས་གནང་གི་ཡོད་པ་རེད། ཕྱི་ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་གྱི་རིང་དབུས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་གནང་བའི་འདུལ་བའི་ཚོགས་ཆེན་ཐོག་ྋགོང་ས་མཆོག་སྐུ་མགྲོན་གཙོ་བོ་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག ། ཝ་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

{jcomments on}