གསུང་ཆོས་སྐབས་ཀྱི་སྤྱི་ཚོགས་ཞབས་ཞུ་དང་ལས་འགུལ།

ད་ཐེངས་ཡང་གསལ་བསྒྲགས་ཁང་གཉིས་བཙུགས་ནས་ཉིན་ལྟར་མི་མང་གི་དགོས་མཁོ་ལྟ་གསལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། མི་མང་མེ་འཁོར་འབབས་ཚུགས་སུ་འབྱོར་སྐབས། སྣེ་ལེན་ལམ་སྟོན་གྲ་སྒྲིག་ཆ་ཚང་ཡོད་པ་རེད།

warna_hh_2བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་“ཉི་མ་ལྷ་ས་ནས་བཙོན་ཁང་ལྷ་ས་བར་”ཞེས་གཏམ་བརྗོད་འཁྲབ་སྟོན་དང༌། རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་(CCTV)རྒྱབ་ལོགས་ཀྱི་བོད་འགྲེམ་སྟོན་ཞེས་པའི་འགྲེམ་སྟོན་ཁང་ཞིག་ཀྱང་བཙུགས་འདུག དེ་བཞིན་ཝཱ་ཎ་དྭང་བླངས་སྤྱི་ཚོགས་ཞབས་ཞུའི་སྒྲིག་འཛུགས་ནས་ཆོས་ཞུ་བ་རྣམས་ཀྱིས་འགྱིག་ཤོག་བེད་སྤྱོད་མི་གཏོང་བའི་ཆེད་ཚགས་ཤོག་གི་སྣོད་ཆས་རིན་མེད་འགྲེམ་སྤེལ་དང་འཛམ་གླིང་འདིར་ཁོར་ཡུག་གི་གལ་གནད་སོགས་ཀྱི་སྐོར་ལ་འགྲེམ་སྟོན་དང་ལས་འགུལ་སྣ་མིན་སྤེལ་བཞིན་ཡོད་པ་རེད། ལྷག་པར་དུ་སེ་ར་བྱེས་འཕྲོད་བསྟེན་ལྷན་ཁང་ནས་རིན་མེད་ཐོག་མི་མང་སྨན་སྦྱིན་དང་ཛ་དྲག་གི་ནད་པ་སྲུང་སྐྱོབ་ཀྱི་ལས་འགུལ་སོགས་སྤེལ་བཞིན་འདུག་ལ། ཐང་སྟོང་གླུ་གར་ཚོགས་པ་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འཁྲབ་སྟོན་གོ་སྒྲིག་ཞུས་ཡོད་པ་རེད།

ད་ཐེངས་ས་གནས་ཁག་མི་འདྲ་བ་མང་པོ་ཞིག་ནས་དད་ལྡན་ཆོས་ཞུ་བ་མིང་མང་སྟོང་ཕྲག་སུམ་ཅུ་ཡས་མས་ཞིག་འདུ་འཛོམས་བྱུང་སྐོར་འདུག་ལ། རྒྱ་གར་གྱི་གསལ་ལམ་ཁག་ནས་མི་མང་སྟོང་ཕྲག་བཞི་བཅུ་ལྷག་ཙམ་འདུ་འཛོམས་ཡོད་ཚུལ་འཁོད་ཡོད་པ་རེད། བོད་ནས་གསར་དུ་ཕེབས་པ་ཆོས་ཞུ་བ་གྲངས་ཆིག་སྟོང་དྲུག་བརྒྱ་ལྷག་ཙམ་ཞིག་༧གོང་ས་མཆོག་གི་གསུང་དང་མཇལ་ཁ་ཞུ་རྒྱུ་ཡིན་འདུག ས་གནས་འདི་རུ་ལོ་གཉིས་གོང་གི་གསུང་ཆོས་ལས་མི་མང་འདུ་འཛོམས་མང་བ་བྱུང་ཡོད་པ་དང༌། ལྷག་པར་དུ་ད་རེས་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡིན་པར་བརྟེན། གདན་ས་གཅིག་པུ་ནས་དགེ་འདུན་པ་ཁྲི་གཅིག་མ་ཟིན་ཙམ་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང་བདེ་སྲུང་བཀའ་བློན་གཙོས་པའི་གནད་ཡོད་མི་སྣ་ཁག་མང་པོ་ཞིག་ཀྱང་ཕེབས་ཡོད་པ་རེད། དེ་བཞིན་ཟ་ཁང་དང་ཚོང་ཁང་གཉེར་མཁན་དང༌། སྐྱབས་རྟེན་དང་བསྔོ་རྟེན་ཞུ་མཁན་སོགས་སྔོན་མ་དང་མི་འདྲ་བར་ས་ཆ་ཁག་མི་འདྲ་བར་མང་པོ་ནས་ཕེབས་ཡོད་པ་རེད།།

ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།