༧གོང་ས་མཆོག་གི་ཆེད་དུ་གནམ་གྲུའི་བབས་ཚུགས་ཤིག་བཟོ་འཆར།
ཟླ་འདིའི་ཚེས་༡༤ ཉིན་ཧིན་དྷུ་སི་ཐན་དུས་བབ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་དགུང་ལོ་མཐོན་པོར་ཕེབས་པ་དང། དེ་བཞིན་བཙན་བྱོལ་བོད་གཞུང་དང་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་ལ་སེམས་འཚབ་བྱེད་ཀྱི་ཡོད་པས། ༧གོང་ས་མཆོག་ཕྱོགས་བསྐྱོད་ལ་ཕར་ཚུར་ཕེབས་སྐབས། གསང་བའི་བདེ་འཇགས་དང་སྐུ་གཟུགས་ཀྱི་འཕྲོད་བསྟེན་ལ་སོགས་ལ་དམིགས་ནས། ཕོ་བྲང་དང་ཉེ་སར་ཐད་འཕུར་གནམ་གྲུའི་བབས་ཚུགས་ཤིག་གསར་སྐྲུན་བྱེད་འཆར་ཡོད་འདུག
དེ་ཡང་ལོ་འགའི་སྔོན་ནས་འཆར་གཞི་བཏིང་ནས། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་གནད་དོན་འདིའི་སྐོར་བཀའ་བསྡུར་བྱུང་ཡོད་ཀྱང། ད་ལྟའི་སྐབས་བདེ་སྲུང་བློན་ཆེན་སོགས་ཀྱིས་བཀའ་ལན་གསལ་པོ་གནང་མེད་པ་རེད། དེ་དང་འབྲེལ་ནས་ཀང་ར་རྫོང་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་པ་རྡིལ་ཇིའི་ཐཱ་ཀུར་མཆོག་གིས། “༧ཏཱ་ལའི་བླ་མ་མཆོག་གི་ཕོ་བྲང་དང་ཉེ་སར་ཐད་འཕུར་གནམ་གྲུའི་བབས་ཚུགས་ཤིག་བཟོ་ཐུབ་ན། བདེ་འཇགས་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་པ་མ་ཚད། ད་ལྟའི་སྐབས་ཁོང་གི་སྐུ་གཟུགས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་འདུག་”ཅེས་གསུངས་ཡོད་པ་རེད།།
{jcomments on}