མི་ཚེ་གཅིག་ལ་སྤྱི་པའི་ལས་དོན་ཐོག་ཚུད་པའི་མི་ཞིག་ཡིན།

ཟླ་འདིའི་ཚེས་ ༡༢ ཉིན་གྱི་དགོང་དྲོ་གཞས་སྣ་འཁྲབ་སྟོན་དང་སྟབས་བསྟུན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གོ་སྒྲིག་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བཀའ་ཁྲིར་བཞེངས་དགོས་པའི་དམིགས་ཡུལ་སྐོར་ལ་གསུང་བཤད་སྙིང་བསྡུས་གནང་དོན། “བོད་ཀྱི་དྲན་གསོ་ཐེབས་པའི་ཟླ་བ་ནི། ང་ཚོའི་བཙན་བྱོལ་ནང་ལ་ཡོད་པའི་མི་མང་ཚོ་ལ་ལས་འགན་ཆེན་པོ་གཅིག་ཟླ་བ་གཅིག་གཉིས་ཀྱི་རྗེས་ལ་སླེབས་ཀྱི་ཡོད་པ་རེད། དེ་ནི་ཕྱི་ཟླ་གསུམ་པའི་ཚེས་ ༢༠ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་འདེབས་པ་དང་བཀའ་བློན་ཁྲི་པ་འདེབས་པའི་ལས་འགུལ་ཡིན་པས། དེའི་ཐོག་ཚང་མའི་ཐུགས་སྣང་ཆེན་པོ་དང་འགན་ཆེན་པོ་བཞེས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ང་རང་ཡིན་ནའང་བཀའ་བློན་ཁྲི་པའི་འོས་མིའི་ནང་མིང་སླེབས་ཡོད་དང་། ང་མི་ཚེ་གཅིག་རིང་སྤྱི་པའི་ལས་དོན་ཐོག་ཚུད་པའི་མི་ཞིག་ཡིན། དེར་བརྟེན། ད་ཐེངས་ང་ཚོའི་མང་གཙོའི་ལས་འགུལ་དེའི་ནང་ལ་ང་རང་ཡིན་ན་ཧུར་ཐག་བྱེད་རྒྱུའི་དམ་བཅའ་ཡོད། བོད་མི་ཡོད་སའི་ས་ཆ་མང་པོ་ལ་ང་རང་ཕྱིན་ནས་ལས་འགན་དེ་ལས་འགན་ཡིན་བསམ་ནས་ང་རང་ངོ་སྤྲོད་བྱེད་པ་དང༌། དེ་བཞིན་མང་ཚོགས་ཀྱི་བསམ་ཚུལ་ཚུར་ལེན་པ་དང་བསླབ་བྱ་ལེན་པ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་”ཅེས། ཡང་ཁོང་གིས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སྐོར་གསུང་དོན། “ང་ཚོ་ལུང་པ་ཤོར་ནས་ལོ་ལྔ་བཅུ་ཕྱིན་པ་རེད། ད་དུང་ཡིན་ནའང་བོད་ནང་ཛ་དྲག་གི་གནས་སྟངས་དང་སྡུག་པོ་མང་པོ་ཞིག་མྱོང་གིཡོད་པ་རེད། དེར་བརྟེན། བོད་ཀྱི་རྩ་དོན་ལ་བསམ་ནས་ང་ཚོ་ཚང་མ་ལས་འགུལ་དེ་ནང་ཞུགས་ཀྱི་ཡོད་པ་རེད་ཅེས་གསུངས་སོང༌།། ཝ་ཎ་ས་གནས་གསར་འགོད་པས།

{jcomments on}