བྱེས་རྗེས་ཁྱབ་བསྒྲགས་ཀྱི་ལས་འགུལ།
ལས་འགུལ་བ་རྣམས་ཀྱིས་ད་ལྟའི་བོད་ཀྱི་གནས་བབས་ལ་གཞིག་པའི་བཀའ་ཁྲི་ཚད་ལྡན་ཞིག་སླེབས་དགོས་ཀྱི་ཡོད་པ་དང་། དེ་ཡང་ཁྲི་ཟུར་བསྟན་འཛིན་རྣམས་རྒྱལ་ལགས་ཀྱི་ཤེས་འཇོན་ནུས་གསུམ་དང་། ཉམས་མྱོང་། ཕུགས་བསམ། དྲང་བདེན། རང་ཚུགས་ཐུབ་པ་སོགས་ཕྱོགས་གང་ཅིའི་ཐད་ནས་བཀའ་ཁྲིར་འོས་ཤིང་འཚམས་པར་མཐོང་བའི་གནས་ལུགས་གླེང་བཞིན། ཁྲི་ཟུར་ལགས་ཀྱི་མཛད་རྗེས་དང་འབྲེལ་བའི་གློག་བརྙན་བསྟན་པ་དང་། བཀྲས་མཐོང་བསྟན་འཛིན་རྣམས་ལགས་ཀྱིས་ཧིན་སྒོར་འབུམ་༧༠༠ སྐོར་ལ་གསར་འགོད་པའི་དྲི་བར་གསལ་བཤད་ལན་འདེབས་གནང་བ་༡༩༩༥ ལོའི་ཟླ་༥ ཚེས་༡ ཉིན་བོད་མིའི་རང་དབང་གསར་ཤོག་ཐོག་བཀོད་ཡོད་པ་དེའི་པར་བཤུས་དང་། བོད་ཀྱི་བཀའ་ཁྲི་ཅེས་པའི་གསར་ཤོག་བཅས་འགྲེམས་སྤེལ་བྱས་སོང་།
ཁོང་ཚོས་འདི་ལྟར་བྱེད་པ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་ཀྱི་ཚུལ་དུ་བྱས་རྗེས་ཁྱབས་བསྒྲགས་ཀྱི་ལས་འགུལ་སྤེལ་དུ་ཡོང་པ་ལས། ཁོང་ལ་ངེས་པར་དུ་འོས་བླུགས་ཤོག་ཟེར་དུ་ཡོང་བ་མིན་ཞེས་མི་མང་ལ་འགྲེལ་བརྗོད་བྱས་སོང། མཐར་ཁོང་ཚོས་དངོས་གཞིའི་བཀའ་ཁྲིའི་འོས་མི་རྣམས་ལ་མི་མང་གིས་བརྟགས་ཞིབ་ནན་མོ་བྱས་ནས་རང་ཚུགས་ཐུབ་པའི་སྒོ་ནས་བཀའ་ཁྲི་མ་ནོར་འདེམས་དགོས་པའི་རེ་སྐུལ་ཡང་ཞུ་སོང་། མེ་སོར་གསར་འགོད་པས།
{jcomments on}