དེབ་སྐྱེལ་གྱི་གོ་སྐབས་གཉིས་པར་མི་༤༠༠༠ ལྷག་འཕར་ཡོད་འདུག

དེའི་སྐོར་འོས་བསྡུའི་འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། སྔོན་འགྲོའི་འོས་གཞི་གྲུབ་ཟིན་པ་དང་། ད་ཆ་དངོས་གཞིའི་འོས་མི་གསལ་བསྒྲགས་བྱེད་རྒྱུའི་དུས་ལ་སླེབས་ཡོད། དེར་བརྟེན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་ཆོལ་ཁ་རེ་ནས་མི་༢༠ དང་ཆོས་བརྒྱུད་ཁག་ནས་མི་༤ རེ། ཡུ་རོབ་དང་ཨ་རི་ཁུལ་ནས་མི་༤ བཅས་དང་། དེ་བཞིན་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་རྣམ་པ་བཅས་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་བཞིན་བལ་ཡུལ་དང་འབྲུག་ཡུལ་ནང་ཆབ་སྲིད་ཐད་དཀའ་ངལ་ཡོད་མུས་ལ་སོང་། འོས་བླུགས་ཐུབ་པར་ཞིབ་འཇུག་གི་དྲ་རྒྱ་སོགས་བརྒྱུད་ཐབས་ལམ་གཞན་ཀྱི་འབད་བརྩོན་ཞུ་མུས་ཡིན་སྐོར་དང་། འོས་བསྡུའི་དེབ་སྐྱེལ་གཉིས་པ་གོ་སྐབས་སྤྲད་པ་དེས་གསར་པ་དེབ་སྐྱེལ་བྱེད་མཁན་གྲངས་༤༠༠༠ ལྷག་འཕར་སྣོན་བྱུང་ཡོད་པའི་ཚོད་དཔག་གནང་བཞིན་ཡོད་པ་རེད། ས་གནས་འགའ་རེར་བཀའ་ཁྲིའི་དེབ་སྐྱེལ་དང་སྤྱི་འཐུས་ཀྱི་དེབ་སྐྱེལ་ཞེས་ཐེངས་གནང་གི་ཡོད་འདུག་པ་དེ་དག་ལ། དེ་འདྲ་རྩ་བ་ནས་མི་དགོས་པར་དེབ་སྐྱེལ་ཐེངས་གཅིག་གིས་འགྲིག་ཡོད་སྐོར་གྱི་གསལ་བཤད་ཀྱང་གནང་ཡོད་པ་རེད།།

{jcomments on}