༧གོང་ས་མཆོག་དང་བོད་མི་མང་སྤྱི་འཐུས་ཀྱི་འཚམ་འཕྲིན།
དེ་བཞིན་ཟླ་འདིའི་ཚེས་༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཨོ་སི་ཁྲུ་ལི་ཡ་དང་བྷར་རྫིལ་རྒྱལ་ཁབ་གཉིས་ཀྱི་ནང་དུ་ཆུ་ལོག་གིས་གནོད་འཚེ་ཚབས་ཆེན་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ་བའི་ཐུགས་གསོའི་འཚམ་འཕྲིན་ཞིག་ཀྱང་བཏང་ཡོད་པ་རེད། འཚམ་འཕྲིན་ནང་དུ་འཁོད་དོན། བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆུ་ལོག་གིས་གནོད་འཚེའི་འོག་ཨོ་སི་ཁྲུ་ལི་ཡའི་མངའ་སྡེ་ཁུན་སི་ལེན་ཌི་ས་ཁུལ་དུཨོ་སི་ཁྲུ་ལི་ཡའི་བྱུང་རབས་ལོ་རྒྱུས་ནང་གྱོང་གུན་ཚབས་ཆེ་ཤོས་བྱུང་བའི་འོག་ཡུལ་མི་གྲངས་༢༠ ཙམ་དང་། བྷར་རྫིལ་དུ་ལོ་བཅུ་ཕྲག་རིང་བྱུང་མ་མྱོང་བའི་རྒྱལ་ས་རིའོ་ཌེ་ཇུ་ནེ་རོ་ནང་བྱུང་བའི་ཆུ་ལོག་གི་གནོད་འཚེ་དེའི་འོག་མི་གྲངས་༥༠༠ ཙམ་གྱི་ཚེ་སྲོག་ཤོར་བ་དང་ཡུལ་མི་སྟོང་ཕྲག་མང་པོའི་ཁང་ཁྱིམ་ཤུལ་མེད་དུ་ཕྱིན་པའི་གནས་ཚུལ་བྱུང་བར་ཧ་ཅང་བློ་ཕམ་ཞུ་རྒྱུ་དང། བཙན་བྱོལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་མ་ཟད། ཁོང་རྣམས་ལུས་སེམས་ཀྱི་དཀའ་ངལ་ལས་མྱུར་དུ་གྲོལ་བའི་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་པ་རེད།།
{jcomments on}