ཆུ་ལོག་གི་དོན་རྐྱེན་ལ་ཞལ་འདེབས་དང་བསྔོ་སྨོན།

དེ་བཞིན་ས་གནས་དེ་དེའི་རྒྱུ་རྫས་ལོངས་སྤྱོད་འཕྲོ་བརླག་ཏུ་གྱུར་བ་སོགས་ཀྱི་ཐད་ལ་ཞལ་འདེབས་བསྡུ་རུབ་བྱས་པར་ཨོ་སྒོར་༢༡༥༥ བྱུང་ཡོད་པ་དང། དེའི་སྐོར་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་འཇིག་མེད་རྡོ་རྗེ་ལགས་ཀྱིས་གསུང་དོན། དེ་རིང་ང་ཚོ་འདིར་འཚོགས་འཛོམས་ཀྱིས་བསྔོ་སྨོན་འཚོགས་པ་དང་དངུལ་གྱི་ཞལ་འདེབས་བསྡུ་དགོས་དོན་གཙོ་བོ་ནི། ཉེ་ཆེར་ཨོ་གླིང་བྷིསུ་རྦན་མངའ་སྡེའི་ནང་གློ་བུར་དུ་ཆུ་ལོག་རྒྱུགས་ཏེ། མི་མང་མང་པོ་ཞིག་རྐྱེན་འདས་སུ་ཕྱིན་ཡོད་པ་དང། ཁང་ཁྱིམ་སོགས་རྒྱུ་ནོར་ལ་གནོད་སྐྱོན་ཚབ་ཆེ་བྱུང་ཡོད་པ་རེད། ཞལ་འདེབས་དང་བསྔོ་སྨོན་བྱེད་དགོས་པ་ནི་འགྲོ་བ་མིའི་ཡ་རབས་ཀྱི་ལམ་ལུགས་དང་འཐུན་པ་ཞིག་རེད་ལ་སྤྱི་འགྲོས་དང་ཡང་མཐུན་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་།།
ཨོ་སི་ཁྲུ་ལ་ཡའི་སི་ནེ་མཚོ་གྲོང་ཁྱེར་ནས་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།

{jcomments on}