བོད་པ་ཨ་མ་ཞིག་གིས་རང་གི་ཕྲུ་གུ་བསད་པ།
འདི་ག་གསར་ཁང་དུ་གློག་འཕྲིན་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། རེས་གཟའ་ཕུར་བུའི་དགོང་དྲོ་ཕྲུ་གུའི་ཕ་དགོང་དྲོའི་འཛིན་གྲྭ་གྲོལ་ནས་ནས་ཁྱིམ་དུ་ལོག་སྐབས། ཕྲུ་གུ་བུ་མོ་དེ་ཉལ་ཁྲིའི་སྟེང་གཡོ་འགུལ་མེད་པར་གནས་པ་མཐོང་རྗེས། ལམ་སེང་ཛ་དྲག་གིས་སྨན་ཁང་དུ་ཁྲིད་ཡོད་ནའང། ཕན་འབྲས་ཅི་ཡང་མ་བྱུང་བར་ཕྲུ་གུ་དེ་སྨན་ཁང་དུ་གྲོངས་ཡོད་འདུག
ཕྱིས་སུ་བརྟག་དཔྱད་བྱས་སྐབས་དོན་རྐྱེན་དེ། རྒྱུན་ལྡན་མ་ཡིན་པའི་མི་གསོད་ཀྱི་དོན་རྐྱེན་ཞིག་ཡིན་པ་ཤེས་པ་དང། ཕྲུ་གུའི་ཨ་མ་རང་ཉིད་ཀྱིས་ཕྲུ་གུས་ངུ་མཚམས་མ་བཞག་པར་བརྟེན། དབུགས་སུབ་བཏང་ནས་བསད་པར་ངོས་ལེན་བྱས་པའི་སྐོར་འགྲེལ་བརྗོད་བྱས་འདུག བཟའ་ཚང་གཉིས་ཀྱི་སྡོད་གནས་ནི་Bondgenotenlaan Knokke Heist ཡིན་པ་དང། ཕ་དེ་ལོ་༣༦ དང་ཨ་མ་ལོ་༣༡ ཡིན་འདུག འོན་ཀྱང་བཟའ་མི་གཉིས་ཀྱི་མིང་གསལ་པོ་བཀོད་མེད་པ་རེད།།
{jcomments on}