ཁྲི་འདོན་མཛད་སྒོ།

རྗེ་ལམ་རིམ་པའི་ཁྲི་འདོན་མཛད་སྒོ་འདི་ནི་༧གོང་ས་སྐྱབས་མགོན་མཆོག་གི་ཐུགས་བརྩེ་བ་ཆེན་པོས་བརྟགས་དཔྱད་ལེགས་པར་གནང་ནས། ཡབ་བཀྲས་ཤིས་དབང་རྒྱལ་དང་ཡུམ་གནམ་གང་སྒྲོལ་མ་གཉིས་ཀྱི་བུ་བསྟན་འཛིན་ངག་དབང་དགེ་ལེགས་ལ་ཕྱག་རྟགས་རིན་པོ་ཆེ་བཀའ་དྲིན་བསྩལ་བ་མ་ཟད། ༧གོང་ས་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ། ཤར་པ་ཆོས་རྗེ་རིན་པོ་ཆེ། བློ་གླིང་མཁན་རིན་པོ་ཆེ་བཅས་ནས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་བྱེད་ཆོག་པའི་གསུང་གིས་དབུགས་དབྱུང་གནང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།།

མོན་གྷོ་གསར་འགོད་པས།