ཝི་ཝཱ་རྐང་སྤོལ་རྩེད་འགྲན་དུ་བོད་མི་མགྲོན་འབོད།
ཟླ་འདིའི་ཚེས་༢༢ ཉིན་སི་པན་གྱི་གྲོང་ཁྱེར་སྦར་སི་ལོ་ན་གྲོང་ཁྱེར་དུ་དེའི་སྐོར་གྱི་ལོ་འཁོར་ཚོགས་འདུ་ཞིག་འཚོགས་ཡོད་པ་དང། དེའི་ནང་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྐུ་ཚབ་ལྟ་བུར་སི་པན་བོད་ཁང་གི་འགན་འཛིན་ཐུབ་བསྟན་དབང་ཆེན་ལགས་མགྲོན་འབོད་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༡༢ ལོར་ཀུར་ཐི་སི་ཐན་ནང་དུ་འཚོག་རྒྱུའི་ནང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ངེས་པར་ཡོང་དགོས་པའི་མགྲོན་འབོད་ཀྱང་བྱས་ཡོད་འདུག །