དངུལ་ཕོན་ཆེན་ཉར་སྟངས་ལ་དོགས་གཞི།
མངའ་སྡེའི་ས་མཚམས་ཀྱི་ཉེན་རྟོག་པས་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ལས་ཁུངས་སུ་འབྲེལ་བ་བྱས་ཏེ། ས་གནས་ཉེན་རྟོག་པས་དཔལ་རྒྱལ་བ་ཀརྨ་པ་དང་འབྲེལ་ཡོད་ཀྱི་ལས་བྱེད་རྣམས་ལ་འདྲི་ཞིབ་དང། ཕྱག་མཛོད་ཀྱི་ནང་དུ་སྔོག་བཤེར་བྱེད་སྐབས་ཡུ་སྒོར་དང་། ཨ་སྒོར་སོགས་མང་པོ་ཐོན་ཡོད་པས། དངུལ་ཕོན་ཆེན་པོར་དོགས་གཞི་ཡོད་སྐོར་བརྗོད་ནས། དངུལ་གྱི་འབྱུང་ཁུངས་དང་ཁྲིམས་མཐུན་ཡིན་མིན་སོགས་ཀྱི་སྐོར་ཕྱག་མཛོད་ལ་འདྲི་ཞིབ་སོགས་བྱེད་བཞིན་ཡོད་སྐོར་འདུག
ད་ལྟའི་ཆར་གླེང་གཞི་དེ་དངོས་ཡོད་གནས་ཚུལ་གང་ཡིན་གསལ་ཁ་བྱུང་མེད་ནའང། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་དངུལ་གྱི་གྲངས་ཀ་མང་ཉུང་འདྲ་མིན་བྱུང་བཞིན་འདུག་པ་མ་ཟད། ས་ཆ་ཞིག་ཉོ་གཏན་ཁེལ་ནས་དེའི་རིན་འབབ་སྤྲོད་ཆེད་དུ་ཡིན་སྐོར་གྱི་གནས་ཚུལ་འདུག དེ་ནི་ས་ཉོ་སྟངས་དེ་རྒྱ་གར་གྱི་ཁྲིམས་མཐུན་ཆགས་ཡོད་མེད་སྐོར་ལ་ཡང་གནས་ཚུལ་སྤེལ་འདུག །