༧གོང་ས་མཆོག་གིས་ལྷོ་ཕྱོགས་སུ་མཛད་འཕྲིན་སྐྱོང་འགོ་ཚུགས་པ།
ལས་རིམ་དེའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཡ་དྷི་ཡུ་རབ་པ་མཆོག་དང་མངའ་གཞུང་གི་ཕྱོགས་འགལ་ཚོགས་པའི་ཚོགས་གཙའང་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད།
ཚེས་༣༠ ཉིན་བྷེང་ལོར་སཱན་ཇོ་སེ་ཕྷི་མཐོ་སློབ་ཏུ་བཀའ་སློབ་གནང་རྒྱུ་དང། ཉིན་རྒྱབ་ཏུ་བྷེང་ལོར་ཁུལ་དུ་རྟེན་གཞི་བྱས་པའི་ཆོས་འཁོར་གསུམ་གླིང་ཆོས་ཚོགས་དང། ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་གཉིས་ཟུང་འབྲེལ་ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༧གོང་ས་མཆོག་གིས་རྒྱལ་ཡོངས་མཐོ་སློབ་ཀྱི་ཐང་ཆེན་དུ། དཀའ་རྙོག་ཅན་གྱི་དུས་སྐབས་སུ་བདེ་སྐྱིིད་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་མི་གྲངས་༧༠༠༠ ཙམ་ལ་བཀའ་སློབ་གནང་རྒྱུ་དང། བཀའ་སློབ་གྲུབ་མཚམས་སྐར་མ་༣༠ ཙམ་རིང་མང་ཚོགས་ཀྱི་དྲི་བར་བཀའ་ལན་གནང་རྒྱུ་ཡིན་པ་རེད།
ཚེས་༣༡ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཆིབས་བསྒྱུར་གནང་སྟེ། དེར་ཡོད་པའི་ར་སྟོད་གྲྭ་ཚང་གི་གཙུག་ལག་ཁང་གསར་པ་དབུ་འབྱེད་མཛད་སྒོ་གནང་རྒྱུ་དང། ཕྱི་ཟླ་༢ ཚེས་༡ ནས་༢ བར་འབྲས་སྤུངས་ཚོགས་ཆེན་དུ་རྩ་ཤེ་ཊིཀའི་ཟིན་བྲིས་དང། སྒྲོལ་མའི་རྗེས་གནང་སོགས་ཀྱི་གསུང་ཆོས་གནང་རྒྱུ། ཚེས་༣ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་གི་སྟ་གོན་དང་། ཚེས་༤ ཉིན་བཀའ་དབང་དངོས་གཞི་བསྩལ་རྒྱུ། ཚེས་༥ ཉིན་རྗེ་བཙུན་བྱམས་པ་མགོན་པོའི་རྗེས་གནང་བསྩལ་རྒྱུ་དང། དེ་རྗེས་ཤར་རྩེ་གྲྭ་ཚང་གིས་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད།།
རྒྱལ་བ་རིན་པོ་ཆེའི་དྲ་བ་དང་བོད་གཞུང་དྲ་བ་ནས་བསྡུ་སྒྲིག་བྱས།
{jcomments on}