སོག་པོའི་དབུ་བླ་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས།

དེ་ཡང་བོད་སོག་གཉིས་བར་གྱི་འབྲེལ་བ་ནི་རྒྱལ་རབས་ལོ་རྒྱུས་སུ་བཀོད་ཡོད་པ་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། སྔོན་ནས་ད་བར་དགེ་སློབ་ཀྱི་དམ་ཚིག་གཅིག་ཏུ་འདྲེས་ཡོད་པར་བརྟེན། དེ་རིང་ཡང་སོག་པོའི་བླ་ཆེན་མཆོག་སྤྲུལ་བསྟན་འཛིན་ མཆོག་ལ་ཐོག་མར་མནྜལ་དང་རྟེན་གསུམ་འདེགས་འབུལ་དང་། དགེ་འདུན་པ་ཡོངས་ཀྱིས་མཇལ་དར་བསྒྲོན་འབུལ་སོགས་གྲུབ་རྗེས། སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས་མཆོག་གིས་བོད་སོགས་གཉིས་ཀྱི་སྔར་དང་ད་ལྟའི་བར་གྱི་འབྲེལ་བའི་སྐོར་གསུང་དོན། བོད་སོག་གཉིས་ཀྱི་འབྲེལ་བ་དེ་སྔོན་ཆད་དུས་འགྱུར་ཀྱི་དབང་གིས་ཅུང་ཙམ་ཉམས་ཆག་ཏུ་ཕྱིན་ཡོད་ཀྱང་། ད་ལྟ་སོག་པོའི་གྲོང་དང་གྲོང་འཁྱེར་ཡོངས་སུ་སྐྱ་སེར་གཉིས་ངོས་ནས་འབྲེལ་བ་ཡག་པོ་ཡོང་གི་ཡོད་པ་མ་ཟད། སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཀྱི་མཚོན་པའི་མི་མང་དང་འགོ་ཁྲིད་སོགས་སྐྱ་སེར་གཉིས་ཀྱི་ངོས་ནས་ཕན་ཚུན་མཐུན་འབྲེལ་ཡོང་ཐབ་ལ་ཤུགས་རྒྱུག་གི་ཡོད་པ་རེད། དེ་ཚོ་ཧ་ཅིང་དགའ་འོས་པ་ཞིག་རེད་ཅེས་གསུང་སོང་། མོན་གྷོ་གསར་འགོད་པས།