རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་དབུ་འབྱེད།

nyima1༸གོང་ས་མཆོག་དགོན་པའི་སྒོ་འཕྱོར་དུ་ཕེབས་སྐབས་བཀྲ་ཤིས་པའི་ཆོས་ཀྱི་ཆོ་གའི་སྒོ་ནས་གཙུག་ལག་ཁང་སྒོ་འབྱེད་ཀྱི་དར་ཚོན་གཅོད་འབྲེག་གནང་བ་དང་། རིམ་བཞིན་ནང་རྟེན་རྣམས་ལ་གཟིགས། དེ་རྗེས་དགོན་པས་མཎྜལ་འདེགས་འབུལ་ཞུས་པ་དང་། ༸གོང་ས་མཆོག་གིས་གཙུག་ལག་ཁང་ལེགས་འགྲུབ་བྱུང་བར་བསྔགས་བརྗོད་གནང་ཞིང་། རྒྱུན་དུ་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་དང་། དེ་བཞིན་མི་མང་ལ་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། སྔ་འགྱུར་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་ནི་བོད་དབུས་གཙང་ཡར་འབྲོག་སྟག་ལུང་ཞེས་པའི་གནས་སུ། ༧རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་ཞང་ཁྲི་དཔོན་ཟིལ་གནོན་དབང་རྒྱལ་རྡོ་རྗེའམ། ཞབས་དྲུང་མཐུ་སྟོབས་གྲགས་པ་མཆོག་གིས་ཕྱག་བཏབ་གནང་བའི་མི་ལོ་སུམ་བརྒྱ་བཅུ་གསུམ་གྱི་ལོ་རྒྱུས་ལྡན་པའི་སྔ་འགྱུར་རྙིང་མའི་དགོན་པ་ཞིག་ཡིན་པ་དང་། ཕྱིས་སུ་རིག་གནས་གསར་བརྗེའི་སྐབས་དགོན་པར་གཏོར་བཅོམ་ཚད་མེད་ཕོག་ནས་ད་ལྟ་ཤུལ་མ་སྟོང་ཙམ་གྱི་གནས་སུ་གྱར་ཡོད་འདུག

འཕགས་ཡུལ་དུ་༸གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་དང་།  ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ཐུགས་བསྐྱེད་བཀའ་དྲིན་ལ་བརྟེན་ནས། ཕྱི་ལོ་ ༡༩༧༣ ལོར་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་སུ་སྔ་འགྱུར་རྡོ་བྲག་གསང་སྔགས་ཆོས་འཁོར་གླིང་འདི་བཞིན་གསར་འཛུགས་བྱས་པ་དང་། ཕྱིས་སུ་༢༠༠༧ ལོར་༸གོང་ས་མཆོག་གིས་གནས་གཟིགས་གནང་ནས། དགོན་པའི་འདུ་ཁང་ཆུང་དྲགས་པ་སོགས་ཀྱི་གནས་ཚུལ་ལ་གཟིགས་ནས་གཙུག་ལག་ཁང་གསར་བཞེངས་ཆེད་དུ་ས་གཞིར་བྱིན་རླབས་དང་མཐུན་འགྱུར་གནང་། དེ་རྗེས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གིས་མཐུན་འགྱུར་ལམ་སྟོན་འོག་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བ་ཞིག་རེད་འདུག་ལ། ད་ལྟ་དགོན་པའི་ནང་དུ་གྲྭ་པ་བཞི་བཅུ་ལྷག་ཅིག་རྒྱུན་བཞུགས་གནང་བཞིན་པ་རེད་འདུག །

མོན་གྷོ་གསར་འགོད་པས།

{jcomments on}