ཆོས་འཆད་ཉན་གྱི་གོ་སྐབས་བྱུང་བ་རེད།

gashar05 02 2011དེ་ཡང་ཞོགས་པའི་ཆུ་ཚོད་བརྒྱད་པར་༸གོང་ས་མཆོག་གིས་དུས་ཡུན་གང་མཚམས་ཤིག་གི་རིང་ལ་ལྷ་སྲུང་བསྟེན་གསོལ་དང་འབྲེལ་བའི་དཀའ་ངལ་མང་པོ་འཕྲད་པའི་སྐོར་དང་། དེ་འབྲེལ་གྱི་དཀའ་ངལ་ལ་གདོང་ལེན་བྱས་པའི་བརྒྱུད་རིམ་སོགས་གསལ་བཤད་གནང་ཞིང་། འབྲེལ་ཡོད་མཁན་ལས་ཟུར་སོགས་དགེ་འདུན་པ་རྣམས་ལ་དཀའ་ངལ་གང་མང་འཕྲད་ཀྱང་། ད་ལྟ་སྤྱི་ཡོངས་ནས་གཙང་མ་ཆགས་ཟིན་པར་བརྟེན་འདི་ལྟར་དབང་དང་ཆོས་འཆད་ཉན་གྱི་གོ་སྐབས་ལྷོད་ལྷོད་བྱུང་བ་རེད་ཅེས་བསྔགས་བརྗོད་གནང་སོང་།

ཉིན་གུང་ཆུ་ཚོད་༡༠ ཙམ་ནས་ཕྱི་དྲོ་ཆུ་ཚོད་ ༥ པ་མ་ཟིན་ཙམ་གྱི་བར་ལ་བཀའ་དབང་བཀའ་དྲིན་བསྩལ་བ་དང་། ད་ཐེངས་ཀྱི་བཀའ་དབང་འདི་ནི་ལྷ་སྲུང་བསྟེན་གསོལ་དང་འབྲེལ་བའི་གནས་ཚུལ་ལྷག་ནས་ལོ་ངོ་བཅོ་ལྔ་ལྷག་གི་རྗེས་ཀྱི་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་བཀའ་དབང་གནང་བ་ཐོག་མ་དེ་ཆགས་ཡོད་འདུག་ལ། ཐེངས་འདིའི་བཀའ་དབང་ནི་༸གོང་ས་མཆོག་ད་ལོ་མོན་གྷོ་འདོད་དགུ་གླིང་དུ་ཕེབས་པའི་མཛད་འཕྲིན་གྱི་གཙོ་བོ་ཞིག་ཀྱང་ཡིན་པ་རེད། །
མོན་གྷོ་གསར་འགོད་པས།

{jcomments on}