ཨེ་རྗིབ་ནང་དུ་ཆབ་སྲིད་ཀྱི་དཀའ་རྙོག་མུ་མཐུད་ལྷག་བཞིན་པ།

ཐུག་འཕྲད་སྐབས་སུ་ཕྱོགས་ཕན་ཚུན་བར་ཨེ་རྗིབ་ནང་། རང་དབང་གྱི་ཐོག་ནས་གསར་འགོད་པ་གཏོང་དགོས་པ་དང་། བདུན་ཕྲག་གཉིས་ནང་བཟུང་བའི་ཞི་རྒོལ་བ་དག་གློད་གྲོལ་དགོས་པའི་སྐོར་གྲོས་མོལ་ཡང་བྱས་ཡོད་པ་རེད།             

སྤྱིར་བཏང་སྲིད་འཛིན་གཞོན་པའི་ངོས་ནས། ཁ་གཏད་ཀྱི་འགོ་འཁྲིད་དང་མོས་མཐུན་ཀྱི་ལམ་ནས་ཁྲིམས་ལུགས་ཀྱི་མ་ལག་དང་། ཆབ་སྲིད་ཀྱི་གནད་དོན་དེ་བཞིན། སྒྲིག་སྲོལ་དང་གྲོས་གཞི་སོགས་ལ་བཟོ་བཅོས་ཀྱི་བསམ་ཚུལ་བཤད་རྒྱུའི་འདུན་པ་ཡོད་པ་དང་། ཡང་གལ་ཆེ་བ་ཞིག་ལ། རྒྱལ་ཁབ་ཀྱི་སྲིད་འཛིན་བྱེད་ཆོག་པའི་དུས་ཡུན་གྱི་ལོ་ཚད་ངེས་པར་དུ་བཟོ་དགོས་པའི་སྐོར་ཡང་གླེང་འདུག། སྒེར་ལངས་དེའི་སྐབས་ཁ་གཏད་ཀྱི་དབུ་འཁྲིད་གཙོ་བོ་ནི། སྔར་ནོ་སྦེལ་ཞི་བའི་གཟིངས་རྟགས་ཐོབ་མྱོང་མཁན་གྱི་སྐུ་ཞབས་མོ་ཧཱ་མེཌི་ཨེལ་བྷེ་ར་དྷེ་ཡིན་འདུག

འདས་པའི་བདུན་ཕྲག་གཉིས་ཀྱི་ནང་མི་མང་གི་གྱེན་ལངས་འཁྲུག་ཟིང་བྱུང་བའི་ཁྲོད་མི་༣༠༠ བརྒལ་བ་རྐྱེན་འདས་སུ་སོང་ཡོད་ཅིང། མི་མང་ངོ་རྒོལ་བ་ཚོས་སྲིད་འཛིན་ཧོ་སི་ནི་མུ་བྷ་རག་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དྲིལ་བསྒྲགས་ངོ་རྒོལ་བྱེད་བཞིན་ཡོད་པས། ཨེ་རྗིབ་ཀྱི་ལུང་པ་དེ་ད་དུང་ཟང་ཟིང་ལང་ལོང་དུ་གྱུར་ཡོད་པ་རེད།

དེའི་སྐོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གསུང་དོན། ཨེ་རྗིབ་དེ་དེ་སྔོན་བཞིན་རྒྱབ་བཤིག་མི་རྒྱག་པར་འགྱུར་ལྡོག་ཡག་པོ་ཡོང་བའི་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།

{jcomments on}