རྒྱབ་སྐྱོར་གྱི་རེ་འདུན་བཏོན་པ།
སློབ་མ་རྣམས་ཀྱིས་རྒྱ་གར་གཞུང་གིས་༧རྒྱལ་བ་ཀརྨ་པའི་གནད་དོན་ལ་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་རེ་འདུན་བཏོན་པ་མ་ཟད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་བསམ་ཚུལ་དང་ཚོད་དཔག་མི་བྱེད་པར། དངོས་ཡོད་གནས་ཚུལ་གང་ཡིན་དྲིལ་བསྒྲགས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། དེ་བཞིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་དུ་༧རྒྱལ་བ་ཀརྨ་པར་དད་པ་བྱེད་མཁན་མི་མང་བརྒྱ་ཕྲག་མང་པོས་༧རྒྱལ་བ་ཀརྨ་པ་འབྲས་ལྗོངས་ཁུལ་དུ་ཕེབས་འཇུག་དགོས་པ་དང། རྒྱ་གར་གྱི་བརྒྱུད་ལམ་ཁག་གི་གནས་ཚུལ་སྤེལ་ཕྱོགས་ལ་སྐྱོན་བརྗོད་བྱས་ཡོད་འདུག །