༧གོང་ས་མཆོག་རཱ་ཇི་སི་ཐན་མངའ་སྡེར་ཆིབས་བསྒྱུར་གནང་རྒྱུ།

ཚེས་༩ ཉིན་ཇོ་ཌ་པུར་གྱི་གྲོང་ཁྱེར་དུ་ཏཱ་ཇི་ཧ་རི་མ་ཧཱལ་ཞེས་པའི་མགྲོན་ཁང་དུ་”རྒྱ་གར་སྲོལ་རྒྱུན་གྱི་གཅེས་ནོར།  དཔལ་ནཱ་ལེནྡྲའི་ལེགས་བཤད་”ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང། སྐབས་དེར་ཇོ་དྷི་པུར་གྱི་རྒྱལ་པོ་གྷ་ཇི་སིངྒ་མཆོག་ཕེབས་རྒྱུ་ཡིན་འདུག ཚེས་༡༠ ཉིན་བོད་མི་བལ་གོས་ཚོང་བ་དང་རྒྱ་གར་གྱི་ཡུལ་མི་རྣམས་ལ་བཀའ་སློབ་གནང་རྒྱུ་ཡིན་པ་དང། ཚེས་༡༢ ཉིན་ཇེའི་པུར་དུ་ཡོད་པའི་བྷེ་རི་ཧྥུ་ཊི་མཐོ་སློབ་ཏུ་བཀའ་སློབ་གནང་རྒྱུ་ཡིན་པ་རེད།།