རྒྱ་ནག་ནང་བཟའ་ཚང་ཁ་འཐོར་གྱི་གྲངས་ཚད་འཕར་ཡོད་འདུག

རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཞིག་གིས་འགྲེལ་བརྗོད་བྱས་དོན་ལྟར་ན། ཕྱི་ལོ་༢༠༠༣ ལོའི་སྔོན་དུ་ཁྲིམས་མཐུན་ཐོག་བཟའ་ཚང་གཉེན་སྒྲིག་དང་ཁ་འཐོར་བྱེད་རྒྱུ་ཁག་པོ་ཡོད་ནའང། དེ་རྗེས་བསྒྲིགས་གཞི་བསྐྱར་བཅོས་བྱས་ཏེ་གུ་ཡངས་སུ་ཕྱིན་པས་ལོ་ལྟར་བཟའ་ཚང་ཁ་འཐོར་གྱི་བརྒྱ་ཆ་༧ ཙམ་འཕར་གྱི་ཡོད་པ་རེད།

divorce_coupleརྒྱ་ནག་གི་ཁྲིམས་ལུགས་མཁས་པ་མང་པོས་བཟའ་འཐོར་གྱི་བརྒྱ་ཆ་འཕར་བཞིན་པ་དེར་ཧང་སངས་ཡོད་པ་དང། ཕྱི་ལོ་༢༠༠༣ ལོའི་སྔོན་གྱི་བསྒྲིགས་གཞི་ལྟར་དམ་དྲག་དགོས་ལུགས་བརྗོད་ཀྱི་ཡོད་པ་རེད། མཁས་པ་མང་པོས་དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་དང། སྒེར་གྱི་རང་དབང་ཅུང་ཆེ་རུ་ཕྱིན་ཡོད་པ་དེ་གཉིས་ཀྱི་རྐྱེན་པས་བཟའ་ཚང་ཁ་འཐོར་གྱི་གནས་ཚུལ་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།

རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་བཟའ་ཚང་ཁ་འཐོར་གྱི་གནས་ཚུལ་མང་ཤོས་བྱུང་ཡོད་པ་དང། རྒྱུ་རྐྱེན་གཙོ་བོ་ནི། ས་ཆ་དེར་བཟའ་མི་མང་པོ་ཞིག་བཟའ་ཚང་ཁ་བྲལ་ནས་རྒྱང་རིང་དུ་ལས་ཀ་དུས་ཡུན་རིང་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པ་རེད།།

{jcomments on}