ནགས་ཚང་ནུས་བློས་བོད་ཡིག་དྲ་བ་སྒོ་ཕྱེས་པ།
དྲ་བ་དེའི་སྐོར་ནགས་ཚང་བློ་ལྡན་བློ་བཟང་གིས་འགྲེལ་བརྗོད་གནང་བ་ལྟར་ན། དེ་རིང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་གཉེར་མཛད་པའི་ཀྲུང་གོའི་མཚོ་སྔོན་བོད་རིགས་དྲ་བ་དངོས་སུ་འགོ་ཚུགས་པར་རང་ཉིད་དགའ་སྤྲོ་ལྷག་ཏུ་སྐྱེས་བྱུང་། ང་ཚོས་རྗེས་སུ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ། སྤྱི་ཚོགས་ཞི་འཇམ་བཅས་ལ་སྲུང་སྐྱོབ་བྱེད་པ་གཞིར་བཟུང་སྟེ། རང་ནུས་ཅི་ཡོད་ཀྱིས་དྲ་བ་འདི་ལེགས་འགྲུབ་ཆེད་དུ་མདོ་དབུས་ཁམས་གསུམ་གྱི་ཤེས་རིག་ཡོན་ཏན་ཡོད་ལ་ཆབ་སྲིད་ཀྱི་གོ་རྟོགས་ལྡན་ཅིང་། བོད་མི་རིགས་རང་གི་ལས་དོན་ལ་ཐུགས་འཁུར་དང་ལ་རྒྱའི་བརྩོན་སེམས་ཡོད་པའི་བོད་མི་ཡོངས་དང་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་པས། བོད་མི་གཟིགས་མཁན་རྣམས་ཀྱིས་དྲ་བ་འདི་བརྒྱུད་ཕན་ཚུན་བསམ་འདོད་བརྡ་འཕྲིན་བརྗེ་སྤྲོད་དང་། རང་སའི་རིག་གནས། སློབ་གསོ། སྤྱི་ཚོགས་ཡར་རྒྱས་སོགས་སྐོར་གྱི་གསར་འགྱུར་ངོ་སྤྲོད་བཅས་བྱེད་པ་སོགས་ཕྱོགས་མང་ཙམ་ཐད་ནས་ང་ཚོའི་ལས་དོན་འདི་ལ་རོགས་སྐྱོར་བྱེད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། ལ་རྒྱའི་བརྩོན་སེམས་ལྡན་པའི་བོད་མི་ཡོངས་ཀྱི་ཁ་ཞེ་མཐུན་པའི་ཐུགས་འཁུར་དང་རྒྱབ་རོགས་འོག ང་ཚོར་དྲ་བ་འདི་ལེགས་འགྲུབ་ཐུབ་པའི་སེམས་ཤུགས་བརྟན་པོ་ཡོད་ཅེས་བརྗོད་ཡོད་པ་རེད།
དྲ་བ་དེའི་ནང་དུ་རྩ་བའི་སྡེ་ཚན་བཅུ་ཡོད་པ་རྣམས་ནི། མདུན་ཤོག་དང། འཕྲིན་གསར། མི་སྣ། ལོ་རྒྱུས། དུས་དེབ། རྩོམ་རིག རིག་རྩལ། གླེང་སྟེགས། པར་མཛོད། སྐད་འཇོག་ས་བཅས་ཡོད་པ་རེད། དྲ་གནས་ཀྱི་ཁ་བྱང་ནི། www.bodrigs.com ཡིན་པ་རེད།།
{jcomments on}