ཐེ་ཝན་སྐུ་ཚབ་དོན་ཁང་གིས་གསུང་ཆོས་གོ་སྒྲིག
དེའི་སྐོར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། གསུང་ཆོས་གོ་སྒྲིག་བྱེད་དགོས་དོན་ནི་ཐེ་ཝན་གྱི་ནང་པ་ཚོར་ཞབས་ཞུའི་ཆེད་དུ་ཡིན་འདུག ཕྱི་ལོ་༢༠༠༣ ལོ་ནས་བཟུང་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་ཁང་གིས་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གདན་ཞུས་ཀྱིས་གསུང་ཆོས་དང་ནང་ཆོས་ངོ་སྤྲོད་སོགས་གོ་སྒྲིག་ཞུས་ཡོད་པའི་ཁོངས་ནས་ད་རེས་ཐེངས་༩ པ་ཆགས་ཡོད་པ་རེད།།