སྲས་འཇིགས་མེད་ནོར་བུ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ།
འཇིགས་མེད་ནོར་བུ་ལགས་ནི། ད་ལོ་དགུང་ལོ་༤༥ ཡིན་ཞིང། དུས་རྒྱུན་དུ་བོད་དོན་ལ་ཐུགས་སྣང་ཡོད་མཁན་ཞིག་ཡིན་པས། ཐེངས་འདིར་ཚེས་༡༤ ནས་འགོ་འཛུགས་ཀྱིས་ཧྥི་ལོ་རི་ཌའི་མཚོ་འགྲམ་གྲོང་ཁྱེར་ཁག་བརྒྱུད་ནས་མི་ཊར་༤༨༠ ཙམ་ལ་གོམ་བགྲོད་གནང་རྒྱུའི་འཆར་གཞི་ཡོད་པ་རེད། འོན་ཀྱང་སྟབས་མ་ལེགས་པར། ཚེས་༡༤ ཉིན་ཨ་རིའི་ཤར་ལྷོའི་མངའ་སྡེ་ཧྥི་ལོ་རི་ཌ་ཁུལ་དུ་ཡོད་པའི་ཧྥེ་ལིག་ནཱར་རྫོང་ཁོངས་སུ་གཞུང་ལམ་ཐོག་རྐང་ཐང་མར་གོམ་བགྲོད་འགྲོ་བཞིན་པའི་སྐབས་སུ་རླངས་འཁོར་དང་གདོང་ཐུག་བྱུང་ནས། ས་གནས་དེར་མྱུར་སྐྱོབ་བྱས་ཀྱང་ཕན་ཐོགས་མ་བྱུང་བར་གྲོངས་ཡོད་པ་རེད།
ལོ་སྔོན་མའི་ནང་དུ་ཐེ་ཝན་གྱི་ས་ཆ་མང་པོ་ཞིག་ཏུ་རྒྱང་ཐག་མི་ཊར་༤༨༠ ཙམ་གྱི་ས་ཆར་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་བས། ཐའེ་ཝན་ཁུལ་གྱི་རྒྱ་མི་རིགས་མང་པོ་ལ་བོད་དོན་དྲིལ་བསྒྲགས་བྱེད་ཐུབ་བྱུང་ཡོད་པ་རེད།།
{jcomments on}