བསྔོ་སྨོན་མཆོད་འབུལ།

དེ་ཡང་ཉིན་དེའི་ཕྱི་དྲོ་ཆུ་ཚོད་༥ ཕྱེད་ཐོག་ས་གནས་གཞོན་ལྷན་དང་། བུད་མེད་ཚོགས་པ་དང་། ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཚོགས་པ་སོ་སོའི་ཚོགས་མིས་གཙོས་པའི་མི་སྐྱ་ལྔ་བརྒྱ་ཙམ་ལུགས་བསམ་གཞིས་གྲོང་དང་པོར་འདུ་འཛོམས་ཀྱིས་སྐུ་ཞབས་འཇིགས་མེད་ནོར་བུ་ལགས་ཨ་རི་ནས་བོད་དོན་ཆེད་གོམ་བགྲོད་སྐབས་རྐྱེན་འདས་སུ་གྱུར་པར་མྱ་ངན་དང་། བསྔོ་སྨོན་ཟབ་རྒྱས་བྱས་ཡོད་པ་དང་། སྐབས་དེར་ས་གཞོན་ཚོགས་གཙོ་ཚེ་རིང་ལྷ་སྐྱབས་ཀྱིས་སྐུ་ཞབས་འཇིགས་མེད་ནོར་བུ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་རྐྱེན་ལམ་དུ་གྱུར་བའི་གནས་ཚུལ་མི་མང་ལ་གསལ་བཤད་གནང་བ་དང་། ཁོང་གི་ཆེད་དུ་གོང་འཁོད་ཚོགས་པ་གསུམ་གྱིས་ས་གནས་སུ་ཡོད་པའི་རིས་མེད་དགོན་སྡེ་ཁག་ལ་བསྔོ་སྨོན་སྐྱབས་འཇུག་ཞུས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཚེས་༡༨ སྐུ་ཞབས་འཇིགས་མེད་ནོར་བུ་ལགས་ཀྱི་ནང་མི་ཉེ་འཁོར་རྣམས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཀྱང་བསྐུར་ཡོད་པ་རེད།
མིམང་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་སྔོ་སྨོན་དང་མར་མེ་སྒྲོན་འབུལ་ཞུས་ཡོད་པ་རེད། མེ་སོར་གསར་འགོད་པས།