ཨིན་དྷར་གྷན་དྷི་མཐོ་སློབ་ཁང་དུ་བོད་ཀྱི་སློབ་གཉེར་ཁང་ཞིག་འཛུགས་རྒྱུ།

སློབ་གཉེར་ཁང་དེ་འཛུགས་དགོས་དོན་ནི། རྒྱ་གར་དང་བལ་ཡུལ་ནང་བོད་ཀྱི་རིག་གཞུང་ཧ་ཅང་གཉན་འཕྲང་ཅན་ཞིག་ཏུ་སླེབས་ཡོད་པ་དེ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་སྐོར་འཁོད་ཡོད་འདུག སློབ་གཉེར་ཁང་དེའི་ནང་གི་གནས་ཚད་དེ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། གཙུག་ལག་རབ་འབྱམས་པ་ཡིན་པ་རེད། སློབ་ཚན་ནང་དུ་ནང་པའི་ལྟ་གྲུབ་དང། ཆོས་ལུགས་ཀྱི་རྣམ་གཞག་བཅས་འཇོག་རྒྱུ་ཡིན་པ་དང། སློབ་གཉེར་ཁང་དེ་ནས་བསླབ་པ་མཐར་སོན་རྗེས་ཨིན་དྷར་གྷན་དྷི་གཙུག་ལག་སློབ་གཉེར་ཁང་དང་ཝར་ཎཱ་བོད་ཀྱི་གཙུག་ལག་སློབ་ཁང་གཉིས་ཟུང་འབྲེལ་གྱིས་སློབ་ཐོན་ལག་ཁྱེར་གནང་རྒྱུ་ཡིན་པ་རེད།

དེ་སྔ་ཨིན་དྷར་གྷན་དྷི་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་རཱ་རྗི་སི་ཀ་རན་ལགས་ཀྱིས་ཡེ་ཤུའི་བཙུན་མ་མཱ་དྷར་ཁྲེ་རེ་སཱའི་དྲན་རྟེན་མཛད་སྒོའི་ཐོག་དེའི་སྐོར་ཐག་གཅོད་གནང་ཡོད་འདུག དེ་བཞིན་སྐུ་སྒེར་ཡིག་ཚང་ནས་སློབ་གཉེར་ཁང་དེ་འཛུགས་སྐྲུན་གྱི་ཆེད་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་བརྒྱུད་ཧིན་སྒོར་འབུམ་ལྔ་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་རཱ་རྗི་སི་ཀ་རན་ལགས་སུ་ཕུལ་ཡོད་པ་རེད།།

བོད་གཞུང་དྲ་བ་ནས་བསྡུ་སྒྲིག་བྱས།

{jcomments on}