རྒྱ་ནག་གིས་བོད་དོན་ཐོག་ཁ་གསལ་པོའི་སྐད་ཆ་བཤད་ཡོད་དམ།
བོད་གཞུང་བཀའ་ཤག ད་ལྟའི་བསམ་འཆར་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འཆར་འགོད་བྱས་པ་ཡིན་པས་རྒྱ་ནག་དབུས་གཞུང་གིས་རྒྱལ་སྤྱི་དང་། རྒྱལ་ནང་གཉིས་ཀར་ངོས་ལེན་མེད་ཙམ་བརྗོད་པས་འགྲིགས་ཐབས་མེད། ཁོང་ཚོས་ཡང་ན་རྩ་ཁྲིམས་ལ་བརྩི་བཀུར་བྱེད་ཀྱི་མིན་ཞེས་ལབ་དགོས་རྒྱུ་དང་། ཡང་ན་ང་ཚོའི་དགོས་འདུན་དེ་རྩ་ཁྲིམས་དང་མི་མཐུན་པའི་རྒྱུ་མཚན་འདི་ཡིན་ཞེས་ཆབ་སྲིད་དང་ཁྲིམས་དོན་གཉིས་ཀར་འཕེར་བའི་ལན་ཞིག་བརྒྱབ་དགོས། དེ་མིན་ན་འཛམ་གླིང་མང་ཚོགས་དང་རྒྱ་ནག་མང་ཚོགས་ཀྱི་མདུན་ཁུངས་འཁྱོལ་ཐབས་་མེད། (བཀའ་ཤག་གི་གསལ་བཤད། ༢༠༡༠།༣།༡༥)
མཁས་དབང་བློ་བཟང་སེང་གེ། རྒྱ་ནག་གཞུང་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་ཀྱི་གནད་དོན་སེལ་འདོད་ཡོད་ན། ལན་འདེབས་གསལ་པོ་བྱེད་དགོས་ཞེས་ང་ཚོས་རྟག་ཏུ་བརྗོད་བཞིན་པ་ལྟར། ད་ལྟའི་ཆར་རྒྱལ་སྤྱིའི་མི་མང་ནས་ཀྱང་ངོས་འཛིན་གཅིག་མཚུངས་བྱེད་ཀྱི་ཡོད། (མ་འོངས་ལས་འཆར།)
ཁྲི་ཟུར་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ། རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་པ་མ་ཟད་མ་འོངས་གྲོས་མོལ་ཡང་༸གོང་ས་མཆོག་གི་སྐུ་སྒེར་གྱི་གནས་ཚུལ་ཁོ་ན་ལས་གནད་དོན་གཞན་ཐོག་གྲོས་མོལ་བྱེད་རྒྱུར་འདོད་པ་མེད་པ་གསལ་པོ་བརྗོད་ཡོད། (༢༠༡༡ བཀའ་བློན་ཁྲི་པའི་འོས་མི།)
བཀའ་ཟུར་བཀྲ་ཤིས་དབང་འདུས། བཀའ་
རྒྱ་ནག་གཞུང་། ཁོང་(༸གོང་ས་མཆོག)མི་སྒེར་གྱི་མདུན་ལམ་གྱི་གནད་དོན་ཐག་གཅོད་དང་དེའི་ཐོག་མང་ནའང་ཁོང་འཁྲིས་ཀྱི་མི་འགའ་ཞིག་གི་མདུན་ལམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་ཁོ་ན་ཙམ་ཡིན་པ་ལས། ང་ཚོས་ཁོང་དང་ “བོད་ཀྱི་གནད་དོན་”ཟེར་བའི་སྐོར་གྲོས་བསྡུར་གཏན་ནས་བྱེད་མི་སྲིད། ཅེས་དང་། དྲན་ཐོའི་ནང་(བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།)ཀྲུང་གོའི་རྩམ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལ་སོགས་པའི་ཚིག་འབྲུ་འགའ་རེ་སྤྱད་ནས་མཛེས་རྒྱན་སྤྲས་ཡོད་ནའང་འགོ་བརྗོད་ནས་ནང་དོན་བར་ཚང་མ་ནི་བོད་ཆེན་པོ་དང་། ཚད་མཐོའི་རང་སྐྱོང་ཟེར་བ་དེ་དག་ཡིན་པ་དང་དེ་ནི་ང་ཚོས་སྔར་ནས་བསྟན་པའི་རང་བཙན་ཕྱེད་ཙམ་དང་ངོ་བོ་འགྱུར་བའི་རང་བཙན་དེ་ཡིན་པ་དང་ངོ་བོ་གང་ལྟར་ནི་བོད་རང་བཙན་ཟེར་བ་དེ་དག་ཡིན་པ་དང་དེ་དག་དང་རྩ་ཁྲིམས་ཉིས་ཕན་ཚུན་མཐུན་ཐབས་གཏན་ནས་མེད། ཅེས་དང་། བོད་འདི་ནི་རྒྱལ་ཁབ་གཅིག་ཏུ་བཟོས་ན་མི་འགྲིག་ལ་ཚད་མཐོའི་རང་སྐྱོང་ཟེར་བ་ཡང་བཟོས་ན་མི་འགྲིག བོད་རིགས་རང་སྐྱོང་ལྗོངས་ཆེན་པོ་ཟེར་བ་ནི་རྩ་བ་ནས་དོན་དངོས་དང་མི་མཐུན་པ་ཞིག་ཡིན་ལ་གཏན་ནས་ཡོང་མི་སྲིད་པ་ཞིག་ཀྱང་ཡིན། (ཀྲུ་ཝུའེ་ཆུན། ༢༠༠༨།༡༡།༡༠)
ཁྱེད་དྲ་གྲོགས་རྣམས་ལ་དགོངས་ཚུལ་གང་ཡོད།