དགོས་ངེས་ཀྱི་བྱིས་པའི་འཁྲབ་སྟོན།
འཁྲབ་སྟོན་པའི་ནང་དབང་པོ་སྐྱོན་ཅན་གྱི་བྱིས་པ་མཉམ་ཞུགས་བྱས་ཡོད་པར་བརྟེན། ལྟད་མོ་བ་སྟོང་ཕྲག་འདུ་འཛོམས་བྱུང་བའི་མི་མང་ལ་སེམས་འགུལ་ཆེན་པོ་ཐེབས་ནས་དགའ་འབོད་དང་། མིག་ཆུ་གཏོང་མཁན་མང་པོ་བྱུང་སོང་། མི་མང་གིས་ད་དུང་ཁོང་ཚོར་རྒྱབ་སྐྱོར་མཚོན་བྱེད་དུ་ཞལ་འདེབས་ཕུལ་བ་དང་། བསྟོད་བསྔགས་བྱེད་ཀྱི་འདུག ཕན་བདེ་དགའ་ཚལ་གླིང་གི་གཙོ་འགན་པ་འཁུ་བུད་རིན་པོ་ཆེ་མཆོག་གིས་འཁྲབ་སྟོན་འདི་ནི་དབང་པོ་སྐྱོན་ཅན་གྱི་བྱིས་པ་དག་གི་ལུས་སློང་སློབ་ཚན་དང་། ཁོང་ཚོར་དགའ་སྤྲོ་བསྐྱེད་པ། ཁོང་ཚོར་དབང་པོ་ཚང་པའི་མི་མང་སྤྱི་དང་གཅིག་མཚུངས་ཀྱི་འདྲ་མཉམ་དང་གནས་བབ་སྟོན་ཆེད། ད་དུང་ཁོང་ཚོར་བརྙེས་བཅོས་མཐོང་ཆུང་དང་སྣང་མེད་ཀྱི་དཀའ་ངལ་ལས་གྲོལ་ཐབས་སོགས་ཀྱི་ཆེད་དུ་དབང་པོ་སྐྱོན་ཅན་གྱི་བྱིས་པས་དངོས་སུ་འཁྲབ་སྟོན་བྱས་པ་ཞིག་ཡིན་པའི་འགྲེལ་བཤད་གནང་སོང་། མེ་སོར་གསར་འགོད་པས།
{jcomments on}