རྩོད་རྙོག་འདུམ་སྒྲིག་གི་ལམ་སྟོན།

ཟབ་སྤྱོང་སྤྲོད་ཡུལ་གདན་ས་ཁག་གི་དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་མི་གྲངས་ཉི་ཤུ་ཙམ་ལ། དམིགས་བསལ་ནང་ཆོས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ནང་རྩོད་རྙོག་འདུམ་སྒྲིག་ཇི་ལྟར་བྱེད་དགོས་མིན་ཐད་ལ་ཟབ་ཁྲིད་གནང་བ་དང་། དེ་ཡང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ཀྱིས། ཚོགས་པ་འདིའི་དམིགས་ཡུལ་ནི། ང་རང་ཚོ་བཙན་བྱོལ་བོད་མི་རྣམས་ཕྱོགས་ཡོངས་ཀྱི་མཐུན་ལམ་གཅིག་སྒྲིལ་གྱི་ནུས་པ་གཞི་གཅིག་ཏུ་སྤུངས་ཐུབ་ཐབས་སུ་འབད་རྩོན་བྱེད་ཆེད་དང་། གཞན་ཡང་ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་ཡོད་སྟབས། རྒྱ་གར་ཡུལ་མི་དང་མཉམ་གནས་བྱེད་ཐུབས་པ་སོགས་གནས་སྐབས་ཀྱི་དམིགས་ཡུལ་དང་། ལྷག་པར་དུ་ང་ཚོའི་དམིགས་ཡུལ་རྒྱ་ཆེ་ས་དེ་མ་འོངས་བོད་གཞིས་བྱེས་གཉིས་མཉམ་འཛོམས་བྱུང་བའི་སྐབས་སུ་ཡིན་ནའང་འདྲ། ད་ལྟའི་སྐབས་སུ་རྒྱ་རིགས་འབོར་ཆེན་བོད་ནང་གི་ས་ཁུལ་ཁག་ཏུ་གནས་སྦོར་བྱེད་བཞིན་ཡོད་པ་དེ་ང་ཚོ་བཙན་བྱོལ་ནང་དུ་ལོ་ངོ་ཅི་ཙམ་འགྲོ་བཞིན་ཡོད་པ་དེ་ཙམ་གྱིས་ཁོང་ཚོ་ཡང་བོད་ནང་དུ་གཞིས་ཆགས་ཀྱི་ཡོད་སྟབས། ཉིན་ཞིག་ང་ཚོ་བོད་རིགས་མ་ཡིན་པའི་མི་རིགས་ཤིག་དང་མཉམ་དུ་འབྲེལ་འདྲེས་དང་གཤིབ་བསྡུར་བྱས་ནས་སྡོད་དགོས་བྱུང་ན། ད་ལྟ་ནས་ང་ཚོའི་འཚེ་མེད་ཞི་བའི་ཐོག་ནས་གང་འདྲ་ཞིག་ཐག་གཅོད་ཐུབ་མིན་ཐད་ཤུགས་རྒྱག་གི་ཡོད་ཅེས་གསུངས་སོང་།
མོན་གྷོ་གསར་འགོད་པས།