བཀའ་བློན་ལ་རེ་བ་ཡོད་ན། སྤྱི་འཐུས་ལ་དོ་སྣང་བྱོས།

དེ་ཡང་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་ཚོགས་པ་ངོ་སྤྲོད་བྱས་པ་དང་། ས་གནས་ཚོགས་གཙོ་སེར་སྨད་བློ་དགའ་ལགས་ཀྱིས་བགྲོ་གླེང་དེར་ཚོགས་པ་རང་གིས་མིང་འདོན་བྱས་པའི་འོས་མི་མ་ཡིན་པ་དག་ལ་ཚོགས་པའི་ངོས་ནས་རེ་བ་ཆེན་པོ་བྱས་ནས་སྡེངས་ཆ་སྐྲུན་པ་ལས། ཚོགས་པས་རྒྱབ་སྐྱོར་བྱས་པའི་རྣམ་པ་མཚོན་གྱི་མེད་ཅེས་དང་། ལྷག་པར་བཀའ་ཁྲིའི་འོས་བསྡུའི་འུར་ཟིང་ཁྲོད་སྤྱི་འཐུས་ལ་དོ་སྣང་ཆུང་རུ་ཕྱིན་པར་བརྟེན། སྡེངས་ཆ་འདིར་“བཀའ་བློན་ལ་རེ་བ་ཡོད་ན། སྤྱི་འཐུས་ལ་དོ་སྣང་བྱོས།”ཞེས་པའི་བརྗོད་ཚིག་བེད་སྤྱོད་བྱས་པ་ཡིན་ཞེས་བགྲོ་གླེང་སྐོར་འགྲེལ་བརྗོད་བྱས་སོང་།

debate m p belkobདེ་རྗེས་བགྲོ་གླེང་བ་དངོས་གཞིའི་འོས་མི་བདུན་གྱིས་རང་རང་གི་དགོངས་ཚུལ་དང་ལོ་རྒྱུས། སྤྱི་འཐུས་སུ་ལངས་དགོས་པའི་རྒྱུ་མཚན་བཅས་གླེང་རྗེས་མི་མང་དང་དྲི་བ་དྲིས་ལན་བྱས་སོང་། བགྲོ་གླེང་འདི་ནི་སྦེལ་ཀོབ་ཁུལ་དུ་སྤྱི་འཐུས་ཀྱི་བགྲོ་གླེང་ཐོག་མ་ཆགས་ཡོད་ན་ཡང་། བགྲོ་གླེང་ཐོག་དགེ་འདུན་པ་སུམ་བཅུ་ལྷག་ཙམ་ཡོད་པ་ཕར་ཕུད་པས་མི་སེར་ལྔ་བཅུ་ཙམ་ལས་མཉམ་ཞུགས་བྱུང་མེད་པ་རེད། དེར་བརྟེན་འདས་པའི་གྲོས་ཚོགས་སྐབས་ཀྱི་གནས་ཚུལ་ཁག་ཅིག་གི་རྐྱེན་པས་སྤྱི་འཐུས་ལ་རེ་ཐག་ཆད་ནས་མི་མང་ཡོང་གི་མེད་པའི་མཐོང་སྣང་བྱུང་ཡོད་པའི་བསམ་ཚུལ་བརྗོད་མཁན་མང་ཚོགས་ནང་བྱུང་སོང་བ་དང་། ཚོགས་གཙོ་འཆི་མེད་གཡང་དྲུང་ལགས་ཀྱིས་བོད་པས་བོད་པར་ཡིད་ཆེས་ཡོད་པར་བརྟེན། སྐབས་རེར་ལས་འགུལ་ཐོག་མི་མང་མ་འཛོམས་ཡང་སེམས་ཤུགས་ཆགས་པའི་རྒྱུ་མཚན་ཡོད་པ་མ་རེད་ཅེས་བརྗོད་སོང་། སེར་སྨད་བློ་དགའ་ལགས་ཀྱིས་མི་མང་གི་མཐོང་སྣང་དེ་གནས་ཚུལ་གཅིག་རེད་དེ། དེ་རིང་གཏམ་བཤད་གནང་བའི་སྤྱི་འཐུས་ཀྱི་འོས་གཞི་རྣམས་ལ་རེ་ཐག་ཆད་དགོས་པ་ཞིག་མི་འདུག  ཉིས་སྟོང་དགུའི་སྤྱི་འཐུས་རྙོག་གླེང་གི་རྐྱེན་པས་མཐོང་ཚུལ་བྱུང་བ་རེད་ཟེར་ན། དེ་རིང་སྤྱི་འཐུས་ཀྱི་འོས་གཞི་རྣམས་སུ་སྐབས་དེ་དུས་ཀྱི་སྤྱི་འཐུས་ལས་ཐོག་པ་གཅིག་ཀྱང་ཡོད་པ་མ་རེད། ཕལ་ཆེར་ལོ་སར་གྱི་འདོད་རྔམ་དང་བྲེལ་ཟིང་གིས་མིན་འགྲོ་ཞེས་གསར་འགོད་པར་བཤད་ཡོད་པ་རེད།། མེ་སོར་གསར་འགོད་པས།

{jcomments on}