མེ་ཏོག་བ་སྤུའི་གསར་བརྗེའི་ངོ་རྒོལ་ལ་དམ་དྲག
མེ་ཏོག་བ་སྤུའི་གསར་བརྗེའི་གྱེན་ལངས་ཞེས་པ་དེ་ཉེ་ཆར་ཨ་རབ་རྒྱལ་ཁག་ཏུ་རྒྱ་ཁྱབ་ཏུ་སྲིད་དབང་གཅིག་བསྡུད་ལམ་ལུགས་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེར་མིག་དཔེ་བལྟས་ནས། གཟའ་ཉི་མ་བསྟར་ཆགས་ཀྱི་ཉིན་གུང་ཆུ་ཚོད་གཉིས་པར་སྤེལ་རྒྱུའི་མི་མང་གི་རང་ངོས་ནས་དྲ་ཐོག་ཏུ་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་དང། གཟའ་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང། གྲོང་ཁྱེར་ཧྲང་ཧེ་སོགས་སུ་ཉེན་རྟོག་པས་གང་བྱུང་དུ་མི་འཛིན་བཟུང་དང། པར་ཆས་དང། ཁ་པར་སོགས་འཕྲོག་པ་མ་ཟད། ཕྱི་རྒྱལ་གྱི་གསར་འགོད་པ་ངོ་རྒོལ་བྱེད་སའི་ཁུལ་དུ་སྡོད་མི་ཆོག་པ་དང། ཡར་མར་འགྲོ་སྐྱོད་བྱེད་མཁན་ལ་སྔོག་བཤེར་བྱེད་པ། གང་བྱུང་དུ་མི་མང་ལ་ཉེས་རྡུང་གཏོང་བ་སོགས་བྱས་ཡོད་པ་རེད།།
{jcomments on}