བོད་ཀྱི་ལོ་སར་དུས་སྟོན།
ཆུ་ཚོད་༩ པར་མཛད་བཅར་བ་རྣམས་གདན་འཛོམས་ཐོག་སྐུ་བཅར་རྣམ་གྲྭའི་གསུང་ཞབས་རྣམས་ནས་ཞལ་ འདོན་ཚིག་མཚམས་སོ་སོར་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་རིམ་འབུལ་གྱིས་ཤིས་བརྗོད་དང་བཅས་པ་ལེགས་པར་གྲུབ་མཚམས་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན་ཚོགས་ལངས་པ་གཉིས་ནས་ཆོས་ཀྱི་བགྲོ་གླེང་གནང་། གསོལ་ཇ་འབྲས་སིལ་འདེགས་འབུལ་དང་འབྲེལ་བོད་ཀྱི་ཟློས་གར་བས་གར་གླུ་ཕུལ་ཡོད་པ་རེད། དེ་བཞིན་མི་མང་ཧ་ཅང་མང་པོ་གཞུང་འབྲེལ་གྱི་ལོ་སར་མཛད་སྒོར་མཉམ་ཞུགས་དང་མཆོད་མཇལ་ཞུས་ཡོད་པ་རེད།།
{jcomments on}