དཔའ་བོ་དཔའ་མོ་རྗེས་དྲན་མཆོད་འབུལ།

བསྔོ་སྨོན་མཆོད་འབུལ་དེའི་ཐོག་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་སེར་སྐྱ་མི་མང་བརྒྱ་ཕྲག་འདུ་འཛོམས་ཀྱིས། བོད་དོན་ཆེད་རང་སྲོག་བློས་བཏང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་ཆེད་ཞལ་འདོན་གསུངས་པ་དང། བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་སྒྲོག་སྦྱངས་གནང་བའི་ནང། བོད་མི་ཁྲི་ཚོ་མང་པོ་བཙོན་འཇུག་སོགས་ཀྱི་དཀའ་སྡུག་ཚད་མེད་དམྱལ་བ་མི་ཡུལ་དུ་མྱངས་དང་མྱོང་བཞིན་པའི་སྙིང་སྟོབས་ལྡན་པའི་བོད་ཀྱི་དཔའ་བོ་སེར་སྐྱ་ཕོ་མོ་ཚོས་ལུས་སྲོག་བློས་བཏང་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་པ་རེད།།