ཨ་མདོ་རྔ་པས་ལོ་སར་སྲུང་བརྩི་བྱས་འདུག
དེ་རིང་ཞོགས་ཀ་རྔ་པའི་གྲོང་པ་ཁག་དང་དགོན་པ་ཁག་གི་དགེ་འདུན་པ་སོགས་བོད་མི་ཕལ་ཆེ་བས་ལོ་གསར་ཚེས་གཅིག་ཉིན་གྱི་བྱེད་སྒོ་ཚེས་བསང་བཏང་བ་དང། ཚེས་ཆུ་ལེན་པ། རྒྱུན་ལྡན་གྱི་ལོ་གསར་ལས་ཀྱང་ལྷག་པའི་ཤོག་སྦག་ཧ་ཅང་མང་པོ་གཡས་གཡོན་གྱི་རི་སྒང་དང་ཁྲོམ་གཞུང་སོགས་ལ་མི་མང་མཉམ་འཛོམས་ཀྱིས་སྒྲོན་པ་སོགས་ཀྱིས་དེ་རིང་ནི་བོད་པའི་ལོ་གསར་གྱི་ཚེས་གཅིག་པ་ཡིན་པ་གསལ་བོ་བཟོས་ཡོད་འདུག་པས་ན།
དེ་སྔོན་ལོ་གསར་བྱས་པ་དེ་མི་འདོད་བཞིན་དུ་བྱེད་དགོས་བྱུང་བ་མིན་ནམ་སྙམ་པའི་དོགས་པ་ཞིག་མི་ཟ་ཀ་མེད་བྱུང། སྤྱིར་བཏང་བོད་པར་ལོ་སར་སྲུང་བརྩིའི་དུས་ཚོད་མི་འདྲ་བ་ཡོད་ནའང་། བོད་མི་མང་པོ་ཞིག་གིས་གཅིག་གྱུར་ཡོང་ཐབས་དགོས་པར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།
ཀ་ཉག་ཚེ་རིང་གིས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༥ ལ།
{jcomments on}