དཀར་མཛེས་སུ་བོད་མིས་ངོ་རྒོལ།

ཕྱི་ཟླ་༣ ཚེས་༡༠ ཉིན་བོད་རང་དབང་འཐབ་རྩོད་ཀྱི་ཉིན་མོ་གལ་ཆེན་ཞིག་ཆགས་ཡོད་ལ། ༡༩༥༩ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་ལྷ་སར་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་ཤོས་དེ་བྱས་པ་རེད། དེ་རྗེས་བོད་གཞུང་འབྲེལ་གྱིས་ཉིན་མོ་དེ་གལ་ཆེན་དུ་བརྩི་བཞིན་ཡད་པ་དང། རྒྱ་ནག་གཞུང་གིས་དེའི་ཉིན་དམིགས་བསལ་གྱིས་བོད་ལ་དམ་དྲག་དང་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།
༢༠༠༨ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་ནས་ལོ་གཅིག་ཙམ་གྱི་རིང་བོད་ཆོལ་ཁ་གསུམ་གྱི་ས་གནས་གང་ས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེན་བྱས་ནས། དམར་གསོད་བཏང་བ་དང་། འཇུ་བཟུང་བཀག་ཉར་བྱས་པ། བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཧ་ཅང་མང་པོ་བྱུང་ཡོད་པ་རེད།

{jcomments on}