རྒྱ་གཞུང་ལ་དྲན་སྐུལ་གཏོང་ཆེད་འདིར་ཡོང་བ་ཡིན།
རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་བོད་མིའི་ཞི་རྒོལ་བ་རྣམས་ཀྱིས་སྟོད་གོས་སེར་པོ་དང། བོད་གྱི་རྒྱལ་དར་ཡང་གྱོན་ཞིང། བོད་ལ་རང་བཙན་དགོས། ང་ཚོ་ལ་རང་དབང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ནང་དམར་བསོད་མཚམས་འཇོག་དགོས་ཞེས་སྐད་འབོད་བྱས་འདུག དེའི་སྐོར་གཞོན་ལྷན་གྱི་སྐུ་ཚབ་ཞིག་གིས་གསུས་དོན། “དེ་རིང་ནི། རྒྱ་དམར་གྱི་བཙན་གནོན་ལ་བོད་མི་མང་གིས་ཞི་རྒོལ་བྱས་ནས་ལོ་སྔ་བཅུ་ང་གཉིས་འཁོར་ལ་ཉེ་བའི་སྔ་ནུབ་དེ་ཡིན་པ་དང། རྒྱ་ནག་གི་གཞུང་ཚབ་མདུན་ལ་བོད་མི་ཞི་རྒོལ་བ་གྲངས་སྔ་བཅུ་ང་གཉིས་ཕེབས་ཡོད། ད་བར་རྒྱ་ནག་གིས་བོད་ནང་དུ་ཁྲིམས་འགལ་གྱི་བྱ་སྤྱོད་དང་སྲིད་འཛིན་གྱི་ལམ་ལུགས་སོགས་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་འདིར་ཡོང་ཡིན།” ཞེས་དང།
མུ་མཐུད་གསུངས་དོན། “བོད་ལ་རང་དབང་མ་ཐོབ་བར་དུ། བོད་མི་མང་གིས་རང་དབང་གྱི་འཐབ་བརྩོད་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། རྒྱ་ནག་གཞུང་ལ་ཞི་རྒོལ་ཡང་བྱ་རྒྱུ་ཡིན། འདིར་མི་མང་འདུ་འཛོམས་བྱེད་དགོས་དོན་གཙོ་བོ་ནི། བོད་ལ་རང་བཙན་དང་བོད་མི་ཚོར་རང་དབང་དགོས་པའི་བླང་བྱ་འདོན་རྒྱུ་ཡིན། བོད་ཀྱི་བདེན་མཐའ་དང་རང་དབང་མ་ཐོབ་བར་དུ། བོད་མི་ཚོས་ཞི་བའི་འཐབ་རྩོད་ལ་གཡོ་བ་མེད་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ་རྒྱ་ནག་གཞུང་ལ་དྲན་སྐུལ་གཏོང་གི་ཡོད་”ཅེས་འགྲེལ་བརྗོད་བྱས་འདུག
སྐབས་དེར་འཛིན་བཟུང་བྱས་པའི་བོད་མི་ཞི་རྒོལ་བ་དེ་དག རེས་གཟའ་ལྷག་པའི་རྗེས་སུ་གློད་གྲོལ་བྱ་རྒྱུ་ཡིན་སྐོར། རྒྱ་གར་ཉེན་རྟོག་འགོ་དཔོན་རཱ་ཇན་དཱར་སཱིང་གིས་གསུངས་འདུག ཞི་རྒོལ་དེའི་ནང་མཉམ་བཞུགས་གནང་མཁན། བོད་མི་༥༢ ཙམ་ཡོད་པ་དང་། ལོ་ན་རྒན་ཤོས་ནི་༦༢ ཡིན་པ་རེད།།