ཉི་ཧོང་གི་མཚོ་འོག་ཏུ་ས་ཡོམ་རིམ་པ་༨་༩བརྒྱབ་འདུག
ས་ཡོམ་དེའི་རྐྱེན་གྱིས་གྲོང་ཁྱེར་ཁག་ནང་གློག་ཤི་བ་དང། ཁང་པ་མེ་ཤོར་བ། དེ་བཞིན་ས་ཉིལ་བ་སོགས་ཛ་དྲག་གི་གནས་ཚུལ་བྱུང་འདུག ཉི་ཧོང་གི་རྒྱལ་ས་ཊོག་ཀྱོར་མེ་འཁོར་དང་རླངས་འཁོར་ཡོངས་རྫོགས་བཀག་དགོས་བྱུང་བ་དང། དེར་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་ཡང་རེ་ཞིག་སྒོ་རྒྱག་དགོས་བྱུང་འདུག ཉི་ཧོང་དུ་ཡོད་པའི་རྡུལ་ཕྲན་བཟོ་གྲྭ་ཡོངས་རྫོགས་གནོད་འཚེ་སྔོན་འགོག་གི་ཆེད་དུ་ལས་མཚམས་མི་འཇོག་ཀ་མེད་བྱུང་འདུག
ད་ལྟའི་ཆར་མི་གྲངས་༢༩ ཙམ་གྱི་ཚེ་སྲོག་ཤོར་ཡོད་པར་ར་འཕྲོད་བྱུང་འདུག ད་ཐེངས་ས་ཡོམ་གྱི་ཤུགས་ཚད་ཧ་ཅང་ཆེན་པོ་ཡིན་པ་དང། ལོ་༡༤༠ ནང་ཚུན་དུ་ས་ཡོམ་གྱི་ཤུགས་ཚད་ཆེ་ཤོས་དེ་ཆགས་ཡོད་པ་རེད། འབྲེལ་ཡོད་མི་སྣ་ཚོས་ཉེ་འགྲམ་གྱི་རྒྱལ་ཁབ་ཁག་ཅིག་ལ་མཚོ་རླབས་ཡོང་སྲིད་པའི་སྔོན་བརྡ་ཡང་བཏང་འདུག་ལ། ད་ལྟའི་ཆར་མྱུར་སྐྱོབ་ཀྱི་ལས་དོན་ཚ་ཚ་འུར་འུར་དུ་སྤེལ་བཞིན་ཡོད་པ་རེད།།