དྷ་སར་བུད་མེད་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་བྱས་པ།

tibetan_womans_dayདུས་དྲན་དེའི་ཐོག་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་འཁོད་དོན། ཕྱི་ལོ་༡༩༥༩ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དྲང་བདེན་མིན་པ་དང། ཁྲིམས་འགལ་གྱི་དྲག་སྤྱོད། གདུག་རྩུབ་སྣ་ཚོགས་བྱས་དང་བྱེད་བཞིན་པ་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་མི་ལོ་༥༢ རིང་འཚེ་མེད་ཞི་བའི་ལྟ་སྤྱོད་ཡང་དག་པའི་འོག་ལྷག་བསམ་རྣམ་དག་དང། དྲང་བདེན། ཁྲིམས་མཐུན་བཅས་ཀྱི་སྒོ་ནས་རྒྱུན་མཐུད་འཐབ་རྩོད་ལ་འབད་བརྩོན་ཞུ་བཞིན་པ་ཡིན་ཅེས་དང། རྒྱ་གཞུང་གི་འཇིགས་སྐུལ་མནར་གཅོད་ཇི་ལྟར་ཆེ་ཡང་བོད་ཀྱི་བུད་མེད་རྩོམ་པ་པོ་དང། སྙན་ངག་མཁན་མང་པོས་རང་མི་རིགས་ཀྱི་ཆེད་དུ་རྩོམ་ཡིག་གང་མང་སྤེལ་བཞིན་པའི་དཔེ་མཚོན་ཙམ་ཞུས་ན། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་དང། འཇམ་དབྱངས་སྐྱིད་རྣམ་གཉིས་ཀྱིས་འཇིགས་ཞུམ་མེད་པར་རྩོམ་ཡིག་སྤེལ་མཚམས་བཞག་མེད་པ་མ་ཟད། ད་ལྟའང་རྩོམ་ཡིག་སྤེལ་བཞིན་པ་རེད་ཅེས་སོགས་འཁོད་ཡོད་པ་རེད།

དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་སོ་སོའི་ཁྱིམ་ཚང་མས་འགོ་བཙུགས་ཏེ་བུད་མེད་ཀྱི་འགན་འཁྲི་ཡག་པོ་ཁུར་ཐུབ་པ་དང། སྤྱི་ཚོགས་ལ་མིག་དཔེ་སྟོན་ཐུབ་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོན་གསུང་བཤད་གནང་སོང་ལ། བོད་ནང་གི་བོད་རིགས་བུད་མེད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ཀྱིས་བྲིས་པའི་ォམནར་གཅོད་ཀྱི་གོ་རིམ་サ ཞེས་པའི་དཔེ་དེབ་དེ་དབྱིན་ཡིག་དང་རྒྱ་ཡིག་ཏུ་བསྒྱུར་ནས་དབུ་འབྱེད་འགྲེམས་སྤེལ་གནང་སོང།།

{jcomments on}