སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་འོས་མི།

༢༽ མཚན།འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།

སྡོད་གནས། རྡ་ས།
ལུང་ཚན། སྡེ་དགེ།
ལས་གནས། སྤྱི་འཐུས་ལས་ཐོག།

༣༽ མཚན། གསེར་རྟ་ཚུལ་ཁྲིམས།
སྡོད་གནས། དྷ་ས།
ལུང་ཚན། གསེར་རྟ།
ལས་གནས། སྤྱི་འཐུས་ལས་ཐོག
བོད་ཀྱི་བང་ཆེན་རྩོམ་སྒྲིག་པ།

༤༽ མཚན། ཚུལ་ཁྲིམས་བསྟན་འཛིན།
སྡོད་གནས། སྦིར།
ལུང་ཚན། ཏྲེ་ཧོར།
ལས་གནས། སྤྱི་འཐུས་ལས་ཐོག།

༥༽  མཚན། དགེ་བཤེས་གཡུང་དྲུང་རྒྱལ་མཚན།
སྡོད་གནས། བལ་ཡུལ།
ལུང་ཚན། ཁྱུང་པོ། ལས་གནས།
སྤྱི་འཐུས་ལས་ཐོག ཆུ་སྒང་ཚོགས་གཙོ།

༦༽ མཚན། ཆོས་སྐྱོང་དབང་ཕྱུག
སྡོད་གནས། ལྡི་ལི། ལུང་ཚན། སྒ་བ།
ལས་གནས། སྤྱི་འཐུས་ལས་ཐོག
བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་
ཉམས་ཞིབ་ཁང་གི་འགན་འཛིན།

༧༽ མཚན། རྡོ་རྗེ་དབང་འདུས།
སྡོད་གནས། ལྡི་ལི།
ལུང་ཚན། ལི་ཐང།
ལས་གནས། སྤྱི་འཐུས་ལས་ཐོག།
ཆུ་སྒང་དབུས་རྒྱུན་དྲུང་ཆེ།

༨༽ མཚན། འཇམ་དབྱངས་བཟོད་པ།
སྡོད་གནས། དྷ་ས།
ལུང་ཚན། ལི་ཐང།
ལས་གནས། གསར་འགོད་པ།

༩༽ མཚན། པདྨ་བདེ་ལེགས།   
སྡོད་གནས། སྦེལ་ཀོབ།
ལུང་ཚན། གླིང་ཚང༌།
ལས་གནས། སྤྱི་ཟུར།
སྤྱི་མཐུན་མཉམ་སྦྲེལ་ཚོགས་གཙོ།

༡༠༽ མཚན། དབྱངས་ཅན་སྒྲོལ་དཀར།
ལུང་ཚན། སྡེ་དགེ། སྡོད་གནས། ཤི་ལོང༌།
ལས་འགན། ས་གནས་ཆུ་སྒང་དྲུང་ཆེ།
བྱང་ཤར་མེ་གྷ་ལ་ཡའི་མངའ་སྡེའི་
གྲངས་ཉུང་མི་རིགས་ལྟ་རྟོག་ལས་གཞིའི་ཟུང་དྲུང་།
དབུས་འོས་བསྡུ་ལས་ཁང་ནས་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གྲངས་རྩེ་བཏོག་གིས་མི་ ༢༠ དང་། དང་བླངས་པ་གཅིག་བཅས་མི་གྲངས་༢༡ དངོས་གཞིའི་འོས་གཞིར་ཁྱབ་བསྒྲགས་གནང་བ་དང།  ངའི་ངོས་ནས་སྐབས་མང་པོའི་རིང་མདོ་སྟོད་སྤྱི་འཐུས་ཀྱི་འགན་ཁུར་ལེན་མྱོང་བ་སོགས་ཕྱི་ནང་ཆབ་སྲིད་ཀྱི་ཉམས་མྱོང་དངོས་ལ་བརྟེན། ཤེས་ཡོན་དང་དྲང་ཚུགས་འཇོན་ཐང་སོགས་གང་ཐད་ནས་འོས་བབས་ལ་གཞིགས་ནས་དྲག་འདེམས་བྱས་པའི་གོང་བཀོད་མི་༡༠ དེ་མདོ་སྟོད་ཀྱི་སྤྱི་འཐུས་སུ་སླེབས་ཐུབ་དགོས་པ་ཧ་ཅང་གལ་ཆེར་བརྟེན། དེ་ལུགས་མདོ་སྟོད་རྒྱ་ཆེའི་མི་མང་སེར་སྐྱ་ཡོངས་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་བཅས། སྐབས་བཅུ་བཞི་པའི་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་ཕུལ།