པཎ་ཆེན་རིན་པོ་ཅེ་བཀྲོངས་མཁན་ཧུའུ་རེད།
ཁོང་གིས་བརྗོད་དོན། སྔར་ཧུའུ་ཅིན་ཐའོ་བོད་རང་སྐྱོང་ལྗོངས་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཡིན་སྐབས། པན་ཆེན་བླ་མ་སྐུ་བཀྲོངས་དགོས་པའི་བསམ་ཚུལ་བཤད་མཁན་གཏེ་པོ་དེ་རེད། པན་ཆེན་བླ་མའི་ངོས་ནས་༧གོང་ས་མཆོག་བོད་ལ་ཕྱིར་ལོག་དགོས་པའི་གནད་དོན་སྐོར། རྒྱ་གཞུང་ལ་དགོས་འདུན་བཏོན་པའི་རྐྱེན་གྱིས་རེད་ཅེས་བརྗོད་འདུག
ད་དུང་སྐུ་ཞབས་ཡཱན་ཧོང་པི་ཡིིས་འདོན་ལ་ཉེ་བའི། དཔེ་དེབ་༼To the summit of firmament- Crossing the Himayas༽ཞེས་པའི་ནང་། པན་ཆེན་བླ་མ་མཆོག རྒྱ་གཞུང་གིས་བཀྲོངས་དགོས་དོན་སྐོར་ལ། ཞིབ་ཕྲ་བཀོད་རྒྱུ་ཡིན་སྐོར་གསུངས་སོང། སྤྱིར་སྐུ་ཞབས་ཧོང་བིང་ལགས་ནི། རྒྱ་གཞུང་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་ཞིག་ཡིན་པ་དང་། རྒྱ་ནག་དམར་གཞུང་གི་ཆབ་སྲིད་ལངས་ཕྱོགས་ལ་འདོད་མོས་མེད་མཁན་ཡིན་པས། རྒྱ་གཞུང་གིས་དོགས་གཞིར་བགྱུར་བས་གནད་དོན་སོགས་ལ་བརྟེན། རང་ཡུལ་ནས་ཕྱི་ལོ་༢༠༠༤ ལོར་ཨོ་སི་ཀྲོ་ལི་ཡར་སྐྱབས་བཅོལ་དུ་ཕེབས་པ་ཞིག་ཡིན་འདུག།། གསར་འགོད་པ་ཆོས་རབ་ཀྱིས་སྤེལ།