བལ་ཡུལ་གཞུང་གིས་ཤོག་དངུལ་བརྗེ་བསྒྱུར།

nepal note 1

དེ་ཡང་རྒྱལ་ཁབ་ཀྱི་ཤོག་དངུལ་བརྗེ་བསྒྱུར་བྱེད་རྒྱུ་དེ་འདས་བའི་ལོ་ཤས་སྔོན་ནས་བལ་ཡུལ་གཞུང་གི་ Nepal Rastra དངུལ་ཁང་གིས་མཆར་གཞི་འཐེན་པ་ལྟར་ཤོག་དངུལ་གསར་བ་གཏན་འབེབས་དང་པར་འདེབས་བྱས་ནས་ཚོང་རའི་སྤྱི་ཚོགས་ནང་དངོས་སུ་དཀྲམ་ཡོད་ཀྱང་མུ་མཐུད་ཚོང་རའི་ནང་ཤོག་དངུལ་གསར་རྙིང་གཉིས་ཀ་བེད་སྤྱོད་བྱེད་བཞིན་ཡོད། དེར་བརྟེན་བལ་ཡུལ་གཞུང་གི་ Nepal Rastra དངུལ་ཁང་གིས་ཉེ་ལམ་ཤོག་དངུལ་གསར་རྙིང་སྤྱི་ཟླ་གསུམ་པའི་ཚེས་༡༥་ནས་བརྗེ་བསྒྱུར་བྱས་ཚར་དགོས་པའི་དུས་བཀག་གཏན་འབེབས་གསལ་བསྒྲགས་བྱས་བ་དང་། དེ་ནས་ཤོག་དངུལ་རྙིང་བ་བེད་སྤྱོད་བྱེད་རྒྱུ་ཡོངས་སུ་མཚམས་འཇོག་བྱེད་རྒྱུ་ཡིན་པ་བཤད་མ་ཐག་ཉིན་ལྟར་བལ་ཡུལ་གྱི་དངུལ་ཁང་ཁག་ཏུ་ཤོག་དངུལ་གསར་རྙིང་བརྗེ་བསྒྱུར་བྱེད་མཁན་མང་པོ་འཚང་ཁའི་པང་རིམ་བསྒྲིགས་ནས་ཡོད་པ་མཐོང་རྒྱུ་ཡོད། nepal note 2བལ་ཡུལ་རྒྱལ་ཁབ་གྱི་ཤོག་དངུལ་རྙིང་བའི་ཐོག་དེ་སྔོན་བལ་ཡུལ་གྱི་རྒྱལ་པོའི་དབུ་པར་ཡོད་པ་དང་མ་ཟད་དེའི་ཁོངས་སུ་ཉེ་བའི་རྒྱལ་བོ་  Gyanendra Shah བྱེདམཆོག་གི་དབུ་པར་ཡང་ཡོད་ལ་ད་ཆ་ཤོག་དངུལ་གསར་བའི་ཐོག་དེའི་ཚབ་ལ་བལ་བོད་ས་མཚམས་ལ་ཡོད་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་དང་། བལ་ཡུལ་རྒྱལ་ཁབ་རྟགས་མཚོན་མེ་ཏོག་དམར་པོ་ Rhododendron ་ཞེས་བ་བཀོད་ཡོད།

དེ་ནི་གཙོ་བོ་ཉེ་བའི་ལོ་ཤས་སྔོན་བལ་ཡུལ་རྒྱལ་ནང་དུ་མི་ལོ་ ༢༤༠ ལྷག་གི་ལོ་རྒྱུས་ཡོད་བའི་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་རིང་ལུགས་མཇུག་བསྒྲིལ་ནས་རྒྱལ་ནང་དུ་མི་དམངས་སྤྱི་མཐུན་མང་གཙོའི་གཞུང་བྱུང་བ་ནས་རྒྱལ་བོ་རྒྱལ་ཁང་ནས་ཕྱིར་ཕུད་དང་། རྒྱལ་ཁང་འགྲེམས་སྟོན་ཁང་ལ་བསྒྱུར་བ། རྒྱལ་རྟགས་དང་ཤོག་དངུལ་ཐོག་གི་རྒྱལ་བོའི་པར་བསུབ་པ་སོགས་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད། འོན་ཀྱང་སྤྱི་ཚེས་ ༡༧ ཉིན་གློ་བུར་བལ་ཡུལ་གཞུང་གི་ Nepal Rastra དངུལ་ཁང་གིས་བསྐྱར་དུ་གསལ་བསྒྲགས་སྤེལ་ཏེ་ཤོག་དངུལ་ཐད་ཀྱི་གཏན་འབེབས་ཏེ་གནས་སྐབས་ཕྱིར་འཐེན་བྱས་འདུག།