གྲོས་ཆོད་དེར་དགོངས་བཞེས་གནང་མི་འདུག

ཡིག་ཆ་དེའི་ནང་འཁོད་དོན། “ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༨ ཉིན་འཁོད་པའི་ཡིག་ཆུང་དང་མཉམ་དུ་དེ་ག་གྲོས་ཚོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ཐོག་བགྲོ་གླེང་གནང་རྗེས་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་༢༠༡༡།༡༤།༡ འཁོད་པ་སྙན་ཞུའི་ཆེད་འདི་གར་གནང་འབྱོར་བཞིན་༧གོང་ས་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཞུས་པར། སྔོན་དུ་གསུང་འཕྲིན་དུ་ཞིབ་གསལ་འཁོད་པ་བཞིན། ༧གོང་ས་མཆོག་གི་དགོངས་བཞེས་ཐག་གཅོད་ལ་འགྱུར་བ་མེད་གཤིས་གྲོས་ཆོད་ནང་གསལ་ལ་དགོངས་བཞེས་གནང་ཐབས་མ་གྱུར་པས་ཕྱིར་སློག་ཞུ་དགོས་བཀའ་ཕེབས་འདུག་པ་བཞིན་འདི་མཉམ་ཕྱིར་འབུལ་ཞུས་པ་དེ་ལུགས་མཛད་ཕྱོགས་ཡོད་པ་དགོངས་འཇགས་ཞུ་”ཞེས་འཁོད་འདུག །

{jcomments on}