འོས་བསྡུ་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས།
དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་དང། འགན་འཛིན་ལས་འཕར་གཡང་ཁོ་རྒྱལ། འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་བཅས་ཕེབས་ནས། འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འགྲེལ་བརྗོད་གནང་དོན། དམིགས་བསལ་དེ་རིང་བཤད་རྒྱུ་གང་ཡང་མེད། སྤྱིར་བཏང་འོས་བསྡུའི་ལས་རིམ་དེ་ཡག་པོ་ཞེ་དྲག་བྱུང་སོང། དེ་རིང་འོས་བསྡུ་ཚར་བའི་རྗེས་སུ་ས་གནས་སོ་སོའི་འོས་བསྡུའི་གྲུབ་འབྲས་དེ་ཕྱི་ཟླ་༤ པའི་ཚེས་༡༣ ཙམ་ལ་འདིར་འབྱོར་གྱི་རེད། འབྱོར་བའི་རྗེས་སུ་ང་ཚོས་དངོས་གཞིའི་གསལ་བསྒྲགས་བྱེད་པའི་གྲ་སྒྲིག་བྱས་ནས། ཕྱི་ཟླ་༤ པའི་༢༧ ལ་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱེད་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་སོང།
དེ་ཐེངས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་དེབ་སྐྱེལ་བྱེད་མཁན་མི་གྲངས་༧༩༡༡༡ བྱུང་ཡོད་པ་དང། དེབ་སྐྱེལ་འཕར་མའི་དུས་སྐབས་སུ་བསྐྱར་དུ་དེབ་སྐྱེལ་བྱེད་མཁན་མི་གྲངས་༤༢༨༨ བྱུང་བར་བརྟེན། ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་མི་གྲངས་༨༣༣༩༩ བྱུང་ཡོད་པ་རེད། དེ་བཞིན་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཏུ་འོས་བསྡུ་སའི་ས་གནས་ཁག་༥༦ ཡོད་པ་དང། དེའི་ནང་ནས་མཐོ་སློབ་ཁག་༥ བཅས་བསྡོམས་འོས་བསྡུའི་ས་གནས་ཁག་༦༡ ཡོད་པ་རེད།།
{jcomments on}