ཚོགས་པ་ལྔའི་མར་མེའི་ཁྲོམ་སྐོར།

bulug03རྒྱལ་གཅེས་དཔའ་བོ་བུ་ལུག་ནི། བོད་མདོ་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་འཛི་སྒར་ཤང་པདྨ་གོང་ཧྲེ་སྟག་ཆེན་སྐེ་ནས་ཡིན་ཞིང། ཕྱི་ལོ་༢༠༠༩ ལོའི་ཕྱི་ཟླ་དྲུག་པར་འཇོ་མདའ་སྐྱབས་ཆེ་དགོན་དུ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་ཏེ། ༧གོང་ས་མཆོག་ལ་མཚན་སྨོད་བྱེད་པའི་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བར་དགེ་འདུན་པ་གཅིག་གིས་ཀྱང་མིང་རྟགས་མ་བཀོད་པར་ཕྱོགས་གང་སར་བྲོས་བྱོལ་དུ་ཕེབས་ནས་ཟླ་གཅིག་རིང་དགོན་པར་གྲྭ་པ་གཅིག་ཀྱང་མེད་པར་ཆགས་འདུག དེ་ནི་༡༩༥༩ ལོའི་རྗེས་སུ་དགོན་པ་སྟོང་པ་ཆགས་པ་ཐེངས་དང་པོ་དེ་ཡིན་པ་རེད།

ལོ་དེའི་ཟླ་༦ པའི་ཚེས་༢༧ ཉིན་བུ་ལུག་དང་། བྱམས་པ། མགོན་པོ་དར་རྒྱས། ནོར་ལྷ། ཚེ་བརྟན་བཅས་གྲོང་ཚོའི་འགོ་ཁྲིད་ཀྱི་ཁོངས་མི་ཡིན་པའི་མི་ལྔ་ཆེད་འགུག་གིས་དགོན་པའི་གྲྭ་པ་ཚང་མ་རྩིས་སྤྲོད་དགོས་པའི་བཙན་བཀའ་བཏང་བར་ངོས་ལེན་མ་བྱས་པའི་ཉེས་མིང་འོག་ཆབ་མདོའི་བཙོན་ཁང་དང། ཉིང་ཁྲི་སྤོ་བོ་རྫོང་གི་བཙོན་ཁང་དུ་བཅུག་ནས་མནར་གཅོད་ཚད་མེད་བཏང་བར་བརྟེན་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ནའང་ནང་མི་སྤུན་མཆེད་སུ་གཅིག་ཀྱང་ཐུག་འཕྲད་བྱེད་བཅུག་མེད་པ་རེད།

ཁོང་གི་གཟུགས་པོའི་གནས་སྟངས་ཉེན་ཁར་ཐུག་སྟབས། གློད་གྲོལ་གྱི་མིང་ཙམ་བཏགས་ནས་ནང་མི་རྩིས་སྤྲད་པས་ནང་མི་སྤུན་མཆེད་ཚོས་ལྷ་སའི་སྨན་ཁང་དུ་བསྐྱལ་ཡང་སྐྱོབ་མ་ཐུབ་པར། ཕྱི་ལོ་༢༠༡༡ ལོའི་༣ ཚེས་༢༥ ལྷ་སའི་ཆུ་ཚོད་༡༢ དང་ཕྱེད་ཐོག་སྐུ་གཤེགས་ཡོད་པ་རེད། ཁོང་ལ་ནང་མི་ཤུལ་ལུས་ཕྲུ་གུ་དྲུག་དང་བཟའ་ཟླ་བཅས་ཡོད་པ་རེད་འདུག །

{jcomments on}