བོད་དོན་ལས་འགུལ་དང་འབྲེལ་ཡོད་འཛིན་བཟུང་།
སྦྱར་ཡིག་གི་ནང་དོན་དུ་ང་ཚོ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་དྲངས་དགོས་བཅས་སོགས་འཁོད་ཡོད་པ་དང་། དེའི་མཐར་ཁོང་གསུམ་གྱི་མིང་ཡང་གསལ་པོར་བཀོད་ཡོད་འདུག
ཁོང་གསུམ་པོ་དེ་སྔོན་ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་། ཞི་རྒོལ་ཁོངས་སུ་ཞུགས་ཡོད་པའི་གནས་ཚུལ་ཡང་འདུག ཞི་རྒོལ་བའི་ན་གཞོན་དཔའ་བོ་གསུམ་ནི་ཚེ་རིང་སྐྱིད་པོ། རང་ལོ་༢༥ དང་། བྱམས་པ་དངོས་གྲུབ། རང་ལོ་༣༣ །
བློ་བཟང་ཐུབ་བསྟན། རང་ལོ་༣༠ བཅས་ཡིན་འདུག
ད་འཆར་ཁོང་གསུམ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀའ་ཁྱབ་བཀྲམ་ཟིན་ཡང་། ཁོང་གསུམ་ཤི་གསོན་ཅི་ཡིན་དང་གར་སོང་ཆ་མེད་དུ་གྱུར་སྟབས། ཁོང་ཚོའི་ཚབ་ཏུ་ཚེ་རིང་སྐྱིད་པོའི་ཕ་སངས་དཔའ་དང་། བྱམས་པ་དངོས་གྲུབ་ཀྱི་སྤུན་མཆེད་རྨོ་ལྕགས་གཉིས་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ད་དུང་ཁོང་གསུམ་གྱི་ཁྱིམ་མིར་ཉེས་ཆད་རྒྱ་སྒོར་ཁྲི་གཉིས་རེ་བཅད་ཡོད་འདུག །
{jcomments on}